མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་དབྱི་ཐ་ལིའི་དམངས་གྲོས་ཁང་གི་གྲོས་དཔོན་པའོ་ཨར་ཏི་ལི་ཉི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-16 11:13

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རོ་མ་ནས་དབྱི་ཐ་ལིའི་དམངས་གྲོས་ཁང་གི་གྲོས་དཔོན་པའོ་ཨར་ཏི་ལི་ཉི་ལ་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རོ་མ་ནས་དབྱི་ཐ་ལིའི་དམངས་གྲོས་ཁང་གི་གྲོས་དཔོན་པའོ་ཨར་ཏི་ལི་ཉི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་རོ་ན་ནས་དབྱི་ཐ་ལིའི་དམངས་གྲོས་ཁང་གི་གྲོས་དཔོན་པའོ་ཨར་ཏི་ལི་ཉི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་ཐ་གཉིས་ཀྱིས་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་ལ། དཔལ་ཡོན་མི་གཅིག་པའི་བར་གྱི་བརྗེ་རེས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཕན་པའང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པ་དང་བསྟུན་ནས། ཀྲུང་གོ་དང་དབྱི་ཐ་ལིའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རིམ་པ་མི་གཅིག་པ་དང་རྣམ་པ་མི་གཅིག་པའི་ཕྱོགས་ཀྱི་འགྲོ་འོང་ལ་ཤུགས་བསྣན་ཏེ། ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་འཛིན་སོགས་ཐད་ཀྱི་ཉམས་མྱོང་མུ་མཐུད་དུ་བརྗེ་རེས་ཟབ་མོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།

པའོ་ཨར་ཏི་ལི་ཉི་ཡིས་བཤད་རྒྱུར། དབྱི་ཐ་ལིའི་དམངས་གྲོས་ཁང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དབྱི་ཐ་ལི་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་རྒྱུ་དང་། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་དང་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག