མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧན་གོའི་རྒྱལ་ཁབ་གསར་བའི་ཏང་གི་མགོ་གཙོ་ཅིན་ཝུའུ་ཞིན་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 11:29

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཧན་གོའི་སྲིད་ཏང་སྲིད་ཇུས་གྲོས་མོལ་གྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་ཡོང་བའི་ཧན་གོའི་རྒྱལ་ཁབ་གསར་བའི་ཏང་གི་མགོ་གཙོ་ཅིན་ཝུའུ་ཞིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཧན་གོའི་སྲིད་ཏང་སྲིད་ཇུས་གྲོས་མོལ་གྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་ཡོང་བའི་ཧན་གོའི་རྒྱལ་ཁབ་གསར་བའི་ཏང་གི་མགོ་གཙོ་ཅིན་ཝུའུ་ཞིན་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོའི་ཟླ་བདུན་པར་བདག་གིས་ཧན་གོ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱས་ཏེ། ཙུང་ཐུང་ཕེའོ་ཅིན་ཧོས་དང་མཉམ་དུ་ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་རབ་དང་རིམ་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་པ་དང་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་ཞིང་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་ས་གནས་ཀྱི་ཞི་བདེ་བརྟན་འཇགས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་དང་ཧན་གོའི་རྒྱལ་ཁབ་གསར་བའི་ཏང་བར་གྱི་བརྗེ་རེས་དང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་བཏོན། ཕྱོགས་གཉིས་ཀྱིས་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་པ་དང་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་རྒྱ་བསྐྱེད་པ་དང་ན་གཞོན་ཆབ་སྲིད་པའི་བར་གྱི་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཅིན་ཝུའུ་ཞིན་གྱིས་བཤད་རྒྱུར། ཧན་གོའི་རྒྱལ་ཁབ་གསར་བའི་ཏང་གིས་སྲིད་ཏང་གྲོས་མོལ་བརྒྱུད་དེ་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ལོངས་སུ་སྤྱོད་ཅིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཀྲུང་གོས་སྔ་མོ་ནས་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྨོན་འདུན་ཞུ་བཞིན་ཡོད་ཟེར།  ། 

རྩོམ་སྒྲིག་པ: ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག