མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་རོ་མར་ཐོན་ནས་དབྱི་ཐ་ལི་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 11:06

ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་རོ་མར་ཐོན་ནས། དབྱི་ཐ་ལི་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས། དབྱི་ཐ་ལི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་ལ་བསུ་བ་ཞུས།

 

ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་རོ་མར་ཐོན་ནས། དབྱི་ཐ་ལི་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལུན་ཆི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་རོ་མའི་ཧྥེ་ཝུའུ་སྨི་ཆི་ནོ་གནམ་གྲུ་ཐང་དུ་ཐོན་ནས། དབྱི་ཐ་ལི་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས།

དབྱི་ཐ་ལི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་དང་དབྱི་ཐ་ལིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་རོས་ཡུས་སོགས་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་ལ་བསུ་བ་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ངས་དབྱི་ཐ་ལིའི་མགོ་ཁྲིད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ལ་དགོངས་འཆར་བརྗེ་རེས་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོང་སོ་སོའི་དངོས་གཉེར་མཉམ་ལས་ལ་སྟོབས་ཤུགས་གསར་བ་སྣོན་པ་དང་། ཀྲུང་གོ་དང་དབྱི་ཐ་ལི་གཉིས་ཀྱི་འབྲེལ་བའི་སྔར་ལས་བཟང་བའི་མ་འོངས་པར་མཉམ་དུ་ཇུས་འགོད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

འཚམས་འདྲི་བྱེད་སྐབས། ལིས་ཁི་ཆང་གིས་དབྱི་ཐ་ལིའི་ཙུང་ཐུང་ན་པའོ་ལི་ཐ་ཐ་ལ་མཇལ་འཕྲད་གནང་རྒྱུ་དང་། ཙུང་ལི་ལུན་ཆི་དང་གྲོས་མོལ་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ད་རུང་ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་ལས་རིགས་ཀྱི་མི་སྣར་ཐུག་འཕྲད་བྱེད་རྒྱུ་མ་ཟད། ཀྲུང་གོ་དང་དབྱི་ཐ་ལིའི་གསར་སྐྲུན་གཟའ་འཁོར་ཚོགས་ཆེན་སོགས་ཀྱི་བྱ་འགུལ་ཁྲོད་ཞུགས་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་ཀི་ལ་ཆི་ཡ་ནོ་ཡིས་གདན་དྲངས་པ་ལྟར། ལིས་ཁི་ཆང་གིས་རོ་མ་ནས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་གནང་རྒྱུར་མ་ཟད་གསུང་བཤད་སྤེལ་རྒྱུ་རེད།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕེ་དང་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལུན་ཆི། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ལོ་ཙོ་བཅས་ཀྱིས་གདན་དྲངས་པ་ལྟར། ལིས་ཁི་ཆང་སྨི་ལན་ནས་བསྡུ་རྒྱུ་ཡིན་པའི་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་ཐེངས་བཅུ་བ་དང་དེའི་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རྒྱུ་རེད།

ལིས་ཁི་ཆང་གིས་་ཨུ་རུ་སི་ལ་ཕུན་སུམ་ཚོགས་པའི་དངོས་གཞིའི་འཚམས་འདྲི་མཛད་པ་དང་། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཙུང་ལིའི་དུས་བཅད་ཐག་འཕྲད་ཐེངས་བཅུ་དགུ་བར་ཞུགས་རྗེས་རོ་མར་ཐོན་པ་རེད།  ། 

རྩོམ་སྒྲིག་པ: ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག