མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་སོགས་ཚན་པ་ལྔས་འཛད་སྤྱོད་དངོས་རྫས་ཀྱི་བདེ་འཇགས་ཚད་གཞི་བཟོ་རྒྱུའི་ཆེད་དོན་བྱ་སྤྱོད་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-15 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་སྤྱི་ཚེས12ཉིན་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་དང་། རྒྱལ་ཁབ་ཚད་གཞི་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། བཟོ་ཚོང་སྤྱི་ཁྱབ་ཅུད། ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་སོགས་ཚན་པ་ལྔས་ཉེ་ཆར་འཛད་སྤྱོད་དངོས་པོའི་བདེ་འཇགས་ཚད་གཞི་བཟོ་རྒྱུའི་ཆེད་དོན་བྱ་སྤྱོད་སྤེལ་ཡོད་པ་སྟེ། སྤྱི་ལོ2014ལོ་ནས་བཟུང་། ལོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ་སྤྱི་ལོ2016ལོར་སླེབས་སྐབས་དུས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམས་པའི་འཛད་སྤྱོད་དངོས་པོའི་བདེ་འཇགས་ཚད་གཞི་ཅན་གྱི་མ་ལག་དང་སྤུས་ཚད་མཉམ་བཅོས་སྒྲིག་གཞི་འཛུགས་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་འཛད་སྤྱོད་དངོས་པོའི་བདེ་འཇགས་ཚད་གཞི་བཟོ་བའི་ཆེད་དོན་བྱ་སྤྱོད་ནང་གཙོ་བོ་འཛད་སྤྱོད་དངོས་པོའི་བདེ་འཇགས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ཚད་གཞི་བསྡུར་བའི་བྱ་སྤྱོད་དང་། ཚད་གཞི་གཏན་འབེབས་ཀྱི་ནུས་པ་མཐོ་རུ་གཏོང་བའི་བྱ་སྤྱོད། ཚད་གཞིས་ཁེ་ལས་ལ་རམ་འདེགས་དང་དམངས་ལ་ཕན་པ་བསྐྲུན་པའི་བྱ་སྤྱོད་སོགས་བྱ་སྤྱོད་ཁག་བཞི་ཚུད་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག