མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་དུས་ཚིགས་གོང་མ་གསུམ་གྱི་ནང་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚད་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་གཅིག་དང་གྲངས་ཆུང་བརྒྱད་འཕར་ཡོད་པ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-15 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་དུས་ཚིགས་གོང་མ་གསུམ་གྱི་ནང་། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཆིག་འབུམ་དགུ་ཁྲི་བཞི་སྟོང་ཟིན་པ་དང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་གཅིག་དང་གྲངས་ཆུང་བརྒྱད་འཕར་ཡོད་ཅིང་། ཕྱིར་གཏོང་ནང་འདྲེན་གྱི་གནས་བབ་དུས་ཚིགས་རེ་རེ་བཞིན་ཇེ་ཡག་ཏུ་འགྲོ་གི་ཡོད་པ་རེད།

འགག་སྒོ་སྤྱི་ཁྱབ་ལས་ཁུངས་ནས་སྤྱི་ཚེས13ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཟླ་བ་དགུ་པའི་ནང་། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཉིས་ཁྲི་བཞི་སྟོང་བཞི་བརྒྱ་ཟིན་པ་དང་། བརྒྱ་ཆ་བཅུ་གཅིག་དང་གྲངས་ཆུང་གཉིས་འཕར་ཡོད་པ་རེད། དེའི་ནང་ཕྱིར་གཏོང་གི་འཕར་ཚད་བརྒྱ་ཆ15ཟིན་པ་དང་། ནང་འདྲེན་གྱི་འཕར་ཚད་བརྒྱ་ཆ7ཙམ་ཟིན་པ། ཉོ་ཚོང་གི་གཏོང་ཉུང་ཡོང་མང་གི་ཧེ་བག་སྒོར་དུང་ཕྱུར1900ཟིན་པས། ལྡབ་གཅིག་དང་གྲངས་ཆུང་གཅིག་ཙམ་འཕར་ཡོད་པ་རེད།

འགག་སྒོ་ལས་ཁུངས་ཀྱི་གྲངས་གཞིར་གཞིགས་ན། དུས་ཚིགས་གསུམ་པའི་ནང་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་བདུན་ཁྲི་ཟིན་ཡོད། འདིའི་སྔོན་དུ། དུས་ཚིགས་དང་པོར་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་ནི་སྒོར་དུང་ཕྱུར་ལྔ་ཁྲི་དགུ་སྟོང་ཟིན་པ་དང། དུས་ཚིགས་གཉིས་པའི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་དྲུག་ཁྲི་ལྔ་སྟོང་ཟིན་པས། དུས་ཚིགས་རེ་རེ་བཞིན་ཇེ་ཡག་ཏུ་འགྲོ་བའི་གནས་བབ་ཞིག་ཆགས་ཡོད་པ་རེད།

འགག་སྒོའི་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར། རང་རྒྱལ་དང་གལ་ཆེ་བའི་ཉོ་ཚོང་གྲོགས་པོ་བར་གྱི་ཕྱོགས་གཉིས་ཉོ་ཚོང་ནི་འཕར་སྣོན་གང་ཙམ་བྱུང་ཡོད། དཔེར་ན། ད་ལོའི་དུས་ཚིགས་གོང་མ་གསུམ་གྱི་ནང་། རང་རྒྱལ་དང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་བར་གྱི་ཕྱོགས་གཉིས་ཉོ་ཚོང་གི་འཕར་ཚད་བརྒྱ་ཆ་བཅུ་ཟིན་པ་དང་། ཨ་རི་བར་གྱི་ཕྱོགས་གཉིས་ཉོ་ཚོང་ལས་བརྒྱ་ཆ་ལྔ་འཕར་ཡོད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་ཕྱོགས་གཉིས་ཉོ་ཚོང་འཕར་ཚད་ནི་བརྒྱ་ཆ་དྲུག་ཡིན། ལྗར་པན་བར་གྱི་ཕྱོགས་གཉིས་ཉོ་ཚོང་གི་འཕར་ཚད་ནི་བརྒྱ་ཆ་གླད་ཀོར་དང་གྲངས་ཆུང་བཞི་ཡིན་པ། ནང་ས་དང་ཤང་ཀང་བར་གྱི་ཕྱོགས་གཉིས་ཉོ་ཚོང་བརྒྱ་ཆ་༡༣མར་ཆག་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག