མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་མུ་མཐུད་ལམ་ངོས་ཀྱི་བཀག་ཆ་མང་པོ་ཞིག་གཙང་སེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-15 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་13ཉིན་གྱི་ཐོ་རེངས་ལམ་ངོས་ཀྱི་བཀག་ཆ་མང་པོ་ཞིག་གཙང་སེལ་བྱས་རྗེས། ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཚེས་14ཉིན་གྱི་ཐོ་རེངས་དང་སྔ་དྲོ་སླར་ཡང་ཐུང་ལོ་ཝན་དང་། ཅིན་ཀྲུང་སོགས་ས་ཆར་ལམ་ངོས་ཀྱི་བཀག་ཆ་མང་པོ་ཞིག་གཙང་སེལ་བྱས་ནས་གཞུང་ལམ་དེ་བས་མང་བར་ཤར་གཏོང་སླར་གསོ་ཐུབ་ཡོད་པ་རེད།

ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཚེས་14ཉིན་གྱི་ཕྱི་དྲོ། ཁྲིམས་འགལ་ངང་ལམ་ངོས་སུ་བཀག་ཆ་བཟོ་མཁན་གྱིས་ཉེན་རྟོག་ཕྱོགས་ཀྱིས་གོ་བསྐོན་བསླབ་བྱ་རྒྱབ་པར་མ་ཉན་པར་དེ་ལས་ལྡོག་སྟེ་རྩེ་མོ་རྣོ་བའི་སྨྱུག་མ་སོགས་བེད་སྤྱད་ནས་བཀག་ཆ་བརྟན་དུ་བཏང་ནས་སྤྱི་པའི་བདེ་འཇགས་དང་སྒྲིག་ལམ་ལ་གནོད་འཚེ་བཟོས་ཡོད། དེར་བརྟེན་ཉེན་རྟོག་ཕྱོགས་ཀྱིས་བྱ་སྤྱོད་སྤེལ་ཏེ་བཀག་ཆ་གཙང་སེལ་བྱ་རྒྱུའི་ཐག་བཅད་པ་མ་ཟད་བྱ་སྤྱོད་དེ་ད་དུང་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཉིན་ཤས་བསྟུད་མར་ཀྲུང་ཧོན་གཞུང་ལམ་བཟུང་བའི་ཁྲིམས་འགལ་འདུ་འཛོམས་ཀྱིས་ཤང་ཀང་གི་ལས་རིགས་མང་པོ་ཞིག་ལ་དཔལ་འབྱོར་གྱོང་གུན་ཆེན་པོ་བཟོས་ཡོད་པ་རེད། བསྡོམས་རྩིས་རྒྱབ་པར་གཞིགས་ན། ཤང་ཀང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དཔལ་འབྱོར་གྱོང་གུན་ཤང་ཀང་གི་དངུལ་ལོར་སྒོར་དུང་ཕྱུར་20ཙམ་ཟིན་ཡོད་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་15དང་བྱེ་བ་8ཙམ་ཡིན་པ་རེད། སྤྱི་ཚེས་13ཉིན། ཤང་ཀང་གི་སྐྱེལ་འདྲེན་ལས་རིགས་ཀྱི་ཚོགས་པ་བཅུ་བཞིས་ཁྲིམས་ལུགས་ཀྱི་བྱ་ཐབས་ཐོག་ནས་ཀྲུང་ཧོན་གཞུང་ལམ་བཟུང་མཁན་གཞུང་ལམ་ཐོག་ནས་ཁ་བྲལ་དགོས་པའི་བླང་བྱ་བཏོན་པ་མ་ཟད་ཀྲུང་ཧོན་གཞུང་ལམ་བཟུང་མཁན་གྱི་ས་ནས་དཔལ་འབྱོར་གྱོང་གུན་བདའ་འདེད་བཏང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག