མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་ལུགས་འགལ་ཚབས་ཆེན་བྱས་པའི་བྱ་སྤྱོད148ཀྱི་ཉེས་དོན་འགན་འཁྲི་རྩད་གཅོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-15 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་སྤྱི་ཚེས་14ཉིན་གསར་འགྱུར་སྤེལ་བའི་ནང་། སྤྱི་ཟླ་བརྒྱད་པ་ནས་བཟུང་རྒྱལ་ཡོངས་སུ་གཅིག་བསྡུས་ཐོག་དྲུག་རྡུང་དྲུག་བཅོས་ཀྱིས་གཙོ་གནད་བྱེད་པའི་ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་སྲོལ་ལས་འགལ་བ་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། ཉེས་དོན་འགན་འཁྲི་རྩོད་གཅོད་བྱས་པའི་ཚབས་ཆེའི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་148བྱུང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དྲུག་རྡུང་དྲུག་བཅོས་ཀྱིས་གཙོ་གནད་བྱས་པའི་ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་སྲོལ་ལས་འགལ་བ་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་དེ་སྤྱི་ཟླ་བརྒྱད་པ་ནས་བཅུ་གཉིས་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་གཅིག་བསྡུས་ཐོག་སྤེལ་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག