མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འདི་ལོ་ཀྲུང་དབྱང་གི་སྔོན་རྩིས་ནང་ཆུ་བེད་ཐད་མ་འཇོག་བྱ་རྒྱུ་ཚང་མ་གཤམ་སྤྲོད་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-15 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་14ཉིན་ཆུ་བེད་ལས་གཞི་ཆེ་གྲས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུའི་ཐད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཡོད་པ་རེད། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ལི་ཕུ་མིན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ཨུ་ཡོན་ལྷན་ཁང་དེས་འབྲེལ་ཡོད་ཚན་པ་དང་མཉམ་དུ་བྱེད་ཐབས་སྣེ་མང་སྤྱད་ཏེ། ནུས་ཤུགས་ཡོད་རྒུས་ཆུ་བེད་ལས་གཞི་ཆེ་གྲས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། དེའི་ནང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་རྩིས་ནང་གི་མ་འཇོག་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱེད་པ། ཆུ་བེད་འཛུགས་སྐྲུན་ལ་སྔར་བས་ཕྱོགས་ལྷུང་བྱེད་པ་བཅས་ཚུད་ཡོད་པ་རེད། སྤྱི་ལོ་2014ལོར་ཆུ་བེད་ཆེ་རིགས་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སོགས་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ཁག་ལ་བེད་སྤྱོད་གཏོང་རྒྱུར་བཀོད་སྒྲིག་བྱེད་པའི་ཀྲུང་དབྱང་གི་སྔོན་རྩིས་ནང་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་767ཟིན་ཡོད་པ་དེ་ན་ནིང་ལས་སྒོར་དུང་ཕྱུར་50ཡིས་མང་བ་ཡོད་པ་རེད། མིག་སྔའི་བར་སླེབས་དུས། འདི་ལོ་ཆུ་བེད་འཛུགས་སྐྲུན་ཐད་བེད་སྤྱོད་གཏོང་བའི་ཀྲུང་དབྱང་སྔོན་རྩིས་ནང་མ་འཇོག་བྱ་རྒྱུ་ཚང་མ་གཤམ་སྤྲོད་བྱས་ཟིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག