མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འབྲུ་རིགས་བདེ་འཇགས་ཀྱི་དཔྱད་དཔོག་སྙན་ཞུ་དང་པོ་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-15 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་འབྲུ་རིགས་བདེ་འཇགས་གོང་འཕེལ་གྱི་སྤྱི་ལོ་2013ལོ་ནས་2014ལོ་བར་གྱི་སྙན་ཞུ་ཞེས་པ་སྤྱི་ཚེས་13ཉིན་དངོས་སུ་ཡོངས་བསྒྲགས་བྱས་ཡོད་པ་རེད། འདི་ནི་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་དཔྱད་དཔོག་སྙན་ཞུ་དང་པོ་དེ་ཡིན་པ་རེད། སྙན་ཞུའི་ནང་། སྤྱི་ལོ་2013ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་བྱ་རྒྱུ་དེ་སྤྱིའི་ཆ་ནས་བདེ་འཇགས་བྱུང་ཡོད་པ་དང་། སྲན་ཆེན་ཐོན་སྐྱེད་ཐད་ཉེན་ཁ་གནས་ཡོད་པའི་ངོས་འཛིན་བྱས་ཡོད།

སྙན་ཞུ་དེ་ནི་དཔྱད་དཔོག་གི་ལམ་ནས་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ལ་དབྱེ་ཞིབ་བྱས་པ་ཞིག་ཡིན་པ་དང་། ཐོག་མའི་ཆ་ནས་འབྲུ་རིགས་བདེ་འཇགས་ཀྱི་དཔྱད་དཔོག་མ་ལག་བཙུགས་ནས། འབྲུ་རིགས་བདེ་འཇགས་ཀྱི་རིམ་པ་དེ་འབྲུ་རིགས་བདེ་འཇགས་དང་། འབྲུ་རིགས་ཅུང་བདེ་འཇགས། འབྲུ་རིགས་བདེ་འཇགས་མ་ཡིན་པ། འབྲུ་རིགས་ཉེན་ཁ་ཆེ་བ་བཅས་བཞིར་དབྱེ་ཡོད་པ་རེད། དཔྱད་དཔོག་བྱས་པ་བརྒྱུད། སྤྱི་ལོ་2013ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཀྱི་སྤྱིའི་གནས་ཚུལ་ཅུང་བདེ་འཇགས་ཡིན་པ་དང་། འབྲུ་རིགས་ཁོར་རྒྱུག་དང་། འཛད་སྤྱོད། སྤྱི་ཁོག་སྙོམས་སྒྲིག་བཅས་ཀྱི་རིམ་པ་ཡང་ཅུང་བདེ་འཇགས་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག