མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་ཐོག་གི་གལ་ཆེའི་གསུང་བཤད་སློབ་སྦྱོང་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-15 10:37

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་འཁྲིད་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ནན་པོ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་འགྲེམས་སྤེལ་བྱས་པ་དང་། རིམ་ཁག་ཏང་ཨུད་དང་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དེ་མིག་སྔའི་གལ་ཆེའི་ཆབ་སྲིད་ལས་འགན་ཞིག་ཏུ་བརྩིས་ཏེ་དམ་འཛིན་ཡག་པོ་བྱེད་པ་དང་། བསམ་བློའི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཏང་གཤིས་འདུ་ཤེས་ཤུགས་ཆེར་གཏོང་བ། བསམ་བློའི་འགོག་རྐྱེན་སེལ་བ། བྱ་སྤྱོད་ཀྱི་རང་རྟོགས་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུར་སྒུལ་ཤུགས་བསྣན་པ་དང་། ཏང་ནན་པོས་བཅོས་སྐྱོང་བྱེད་རྒྱུ་དེ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བརྡ་་ཐོའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོར་ཐོབ་པའི་གལ་ཆེའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་གདེང་འཇོག་གནང་བ་དང་། བྱེད་སྒོའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་གནང་བ། དུས་བབ་གསར་པའི་འོག་ཏང་ནན་པོས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་དང་བླང་བྱ་ཁ་བསལ་བཏོན་གནང་ཡོད་པ་དང་། དེ་བློ་བརྟན་འགྱུར་མེད་ཀྱིས་སྤྱོད་ཚུལ་ངན་པ་བཞི་ལེགས་བཅོས་བྱེད་པ་དང་། སྤྱོད་ཚུལ་ལ་འགྱུར་བ་གཏོང་བའི་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུ་དང་། ཏང་བཅོས་སྐྱོང་ནན་པོ་བྱས་ཏེ། ཏང་འཛུགས་སྐྱོང་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བའི་རླབས་ཆེའི་ལས་གཞི་གསར་པའི་ངོས་ནས་བཤད་ཚེ་དངོས་ཡོད་ཀྱི་དོན་སྙིང་དང་ཕུགས་ཕན་གྱི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། རིམ་ཁག་འགོ་འཁྲིད་ཚན་པས་ཆེད་མངགས་དུས་ཚོད་བཀོད་སྒྲིག་བྱས་ཏེ་གཅིག་སྡུད་ཐོག་སློབ་སྦྱོང་དང་གྲོས་བསྡུར་བྱེད་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆེད་དོན་སློབ་སྦྱོང་སྒྲིག་འཛུགས་བྱས་ཏེ། དེའི་ནང་དོན་ཇི་མ་ཇི་བཞིན་གྱིས་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རང་འགུལ་གྱིས་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་དགོས་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་བྱེད་དགོས་ཞེས་བཏོན་ཡོད་པ་དང་།

བརྡ་ཐོའི་ནང་། གསུང་བཤད་ཀྱི་ནང་དོན་གཙོ་བོ་དང་བསམ་པའི་ངོ་བོར་གོ་བ་ནན་ཏན་ལེན་པ་དང་དེ་ཁོང་དུ་ཆུད་པ་བྱས་ཏེ། སློབ་གསོ་ལག་ལེན་བྱེད་སྒོའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། སྔ་ཕྱི་བར་གསུམ་དུ་རིག་པ་དངས་བསལ་གྱིས་མུ་མཐུད་སྤྱོད་ཚུལ་འཛུགས་སྐྱོང་བྱེད་རྒྱུ་དེ་མངོན་བསལ་དོད་པའི་གནས་བབ་ཐོག་འཇོག་པ་། རྒྱུན་བསྲིངས་ལྷོད་མེད་ཀྱི་སྙིང་སྟོབས་ཐོག་ནས་བཅོས་སྒྲིག་རྒྱུན་འཁྱོངས་དང་། ཡུན་རིང་བཅོས་སྒྲིག་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག