མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་སྤེལ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-14 14:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་རང་རྒྱལ་ལོ་རྒྱུས་སྟེང་གི་རྒྱལ་ཁབ་བཅོས་སྐྱོང་སྐོར་གྱི་ཐུན་མོང་གི་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ལོ་རྒྱུས་ནི་མི་དམངས་ཀྱིས་གསར་སྐྲུན་བྱས་པ་ཡིན་ལ། དཔལ་ཡོན་ཡང་མི་དམངས་ཀྱིས་གསར་སྐྲུན་བྱས་པ་ཡིན། ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་དཔལ་ཡོན་ལ་ང་ཚོས་བརྩི་འཇོག་མང་ཙམ་བྱེད་དགོས་ལ། བསམ་བློ་ཡང་མང་ཙམ་གཏོང་དགོས་པར་མ་ཟད། ང་ཚོས་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་དམ་པོར་བཟུང་སྟེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བར་ཕན་ཡོད་ཀྱི་གཞིར་འཛིན་ས་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་པུའུ་ཞན་གྱིས་གནད་དོན་དེའི་ཐད་ལ་འགྲེལ་བཤད་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་པུའུ་ཞན་གྱི་འགྲེལ་བཤད་ལ་ཞིབ་ཏུ་ཉན་པར་མ་ཟད། འབྲེལ་ཡོད་གནད་དོན་ཐད་ལ་གྲོས་བསྡུར་བྱས།

ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་བྱེད་པར་མཐོང་ཆེན་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། ཀྲུང་གོའི་སྙིང་སྟོབས་ལྡན་དགོས་ལ། ཀྲུང་གོའི་སྙིང་སྟོབས་དེས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། ཡུན་རིང་བོར་ང་ཚོ་མི་རིགས་ལ་ཆགས་པའི་ཡར་རྒྱས་བརྩོན་ལེན་གྱི་བསམ་བློའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱས་ནས། དེས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པར་ཞབས་ཕྱི་སྒྲུབ་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་སྐྱེད་སྲིང་བྱེད་པར་ཞབས་ཕྱི་སྒྲུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་ཞབས་ཕྱི་སྒྲུབ་དགོས་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག