མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་མཉམ་དུ་མགོ་འཛིན་མཛད་དེ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་བཅུ་དགུ་བ་བྱས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-14 14:31

李克强会见俄罗斯国家杜马主席.jpg

ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་མཉམ་དུ་མགོ་འཛིན་མཛད་དེ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་བཅུ་དགུ་ས་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་མཉམ་དུ་མགོ་འཛིན་མཛད་དེ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་བཅུ་དགུ་བ་བྱས།

    ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི་ནི་ཆེས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་ཀྱི་གྲོགས་པོ་གཙོ་བོ་ཡིན་པ་དང་། མཉམ་ལས་ལ་ཤུགས་བསྣན་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱེད་པའི་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་ཆུ་ཚད་མཐོ་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་དེ་དོན་དངོས་ཀྱི་མཉམ་ལས་གྲུབ་འབྲས་སུ་བསྒྱུར་ནས་མུ་མཐུད་དུ་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་སྐྲུན་འདོད་ཡོད་པ་དེ་ས་ཁུལ་བརྟན་འཇགས་དང་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་བྱེད་པའི་ཐད་ལ་ཕན་པ་ཡོད་ཟེར།

    མེ་ཏི་ཝེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། དེང་སྐབས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་ཧ་ཅང་མཐོ་ལ་རྒྱལ་ཁབ་གཉིས་ནི་འབྲེལ་བ་ཧ་ཅང་དམ་པའི་གྲོགས་པོ་བཟང་བོ་ཡིན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་སྟོབས་དང་སྦས་ཤུགས་འདོན་སྤེལ་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་ཀྱིས་གཞི་ཁྱིམ་ཆེ་བའི་དངུལ་གཏོང་བྱེད་པར་སྐུལ་འདེད་གཏོང་ཞིང་མཉམ་འབྲེལ་སྒོས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་པར་ཤུགས་སྣོན་པ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་དང་མཁའ་འགྲུལ་མངའ་ཁོངས་སོགས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། ཧུར་ཐག་སྒོས་ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

    ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་ད་དུང་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག