མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་མའོ་སི་ཁོ་རུ་ཐོན་ནས་ཨུ་རུ་སི་ལ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས་པ་དང་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་ཀྱི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་བཅུ་དགུ་བར་ཞུགས་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-13 11:13

ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་མོ་སི་ཁོ་རུ་ཐོན་ནས། ཨུ་རུ་སི་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས་པར་མ་ཟད། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་ཀྱི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་བཅུ་དགུ་བར་ཞུགས་རྒྱུ་རེད། ཨུ་རུ་སི་ཕྱོགས་ཀྱིས་གནམ་གྲུ་ཐང་ནས་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།
ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་མོ་སི་ཁོ་རུ་ཐོན་ནས། ཨུ་རུ་སི་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས་པར་མ་ཟད། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་ཀྱི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་བཅུ་དགུ་བར་ཞུགས་རྒྱུ་རེད། ཨུ་རུ་སི་ཕྱོགས་ཀྱིས་གནམ་གྲུ་ཐང་ནས་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།
ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་མོ་སི་ཁོ་རུ་ཐོན་ནས། ཨུ་རུ་སི་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས་པར་མ་ཟད། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་ཀྱི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་བཅུ་དགུ་བར་ཞུགས་རྒྱུ་རེད། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་མཐོ་རིམ་དཔོན་པོ་གནམ་གྲུ་ཐང་དུ་སོང་ཏེ་ཙུང་ལི་ལིས་ཁི་ཆང་ལ་བསུ་བ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་རྒྱལ་ཁབ་ཀྱི་ཙུང་ལི་མཱེ་ཏི་ཝེ་ཅེ་ཧྥུའུ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་མོ་སི་ཁོའི་ཧྥུའུ་ནུའུ་ཁོ་ཝོ་གནམ་གྲུ་ཐང་གཉིས་པར་ཐོན་ཏེ། ཨུ་རུ་སི་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས་པར་མ་ཟད། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་ཀྱི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་བཅུ་དགུ་བར་ཞུགས་རྒྱུ་རེད།

ཨུ་རུ་སི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་ལ་བསུ་བ་ཞུས། ཨུ་རུ་སི་ཕྱོགས་ཀྱིས་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།

དེའི་སྔོན་ལ་མོ་སི་ཁོར་ཐོན་པའི་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཙུང་ལིའི་དུས་བཅད་ཐུག་འཕྲད་ལ་ཞུགས་རྒྱུ་ཡིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་ཝང་ཡཱང་། ཨུ་རུ་སིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་ཧོས་བཅས་གནམ་གྲུ་ཐང་དུ་སོང་སྟེ་བསུ་བ་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

འཚམས་འདྲི་མཛད་སྐབས། ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཙུང་ལི་མཱེ་ཏི་ཝེ་ཅེ་ཧྥུའུ་དང་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་བཅུ་དགུ་བར་ཞུགས་རྒྱུ་ཡིན་ལ། ཙུང་ལི་མཱེ་ཏི་ཝེ་ཅེ་ཧྥུའུ་དང་མཉམ་དུ་སྒོ་འབྱེད་ཚུལ་གྱི་གསར་གཏོད་ཅེས་པའི་རྒྱལ་སྤྱིའི་གླེང་སྟེགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་གསུང་བཤད་སྤེལ་རྒྱུ་ཡིན་པ་མ་ཟད། ཨུ་རུ་སི་རྒྱལ་ཁབ་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་དང་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག