མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-13 11:13

ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤྱི་བསྡོམས་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤྱི་བསྡོམས་ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ན། སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཀུན་སྤྱོད་དམ་འཛིན་དང་ཀུན་སྤྱོད་ལེགས་བསྒྱུར་བྱེད་པའི་ཡིད་ཆེས་དང་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། སློབ་གསོ་ལག་ལེན་བྱ་འགུལ་གྱི་ཕན་འབྲས་ལྡན་པའི་ཉམས་མྱོང་རྒྱུན་ཆད་མེད་པར་ཁོང་དུ་ཆུད་པར་བྱེད་པ་དང་། ཀུན་སྤྱོད་འཛུགས་སྐྲུན་གྱི་ཆོས་ཉིད་རང་བཞིན་ལ་རྒྱུན་ཆད་མེད་པར་ངོས་འཛིན་ཟབ་མོ་བྱས་ཏེ། ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་རེ་བ་སྣ་ཚོགས་ལ་གོ་བ་ཟབ་མོ་བླངས་ནས། གཟབ་ནན་གྱི་འདུ་ཤེས་བཅངས་པ་དང་། གཟབ་ནན་གྱི་ཆོས་ཉིད་འཛུགས་པ། གཟབ་ནན་གྱི་དར་སྲོལ་སྤེལ་བ་བཅས་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནི་ཏང་གི་གསར་སྐྲུན་གྱི་སྟོབས་ཤུགས་དང་གཅིག་སྒྲིལ་གྱི་སྟོབས་ཤུགས། འཐབ་འཛིང་གི་སྟོབས་ཤུགས་བཅས་ལ་ཁག་ཐེག་བྱེད་པའི་རྩ་བ་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བསམ་བློ་དང་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། གཟབ་ནན་གྱི་རྣམ་འགྱུར་བཅངས་པ་དང་། གཟབ་ནན་གྱི་སྙིང་སྟོབས་འདོན་སྤེལ་བྱས་ནས། ཏང་འཛུགས་བྱ་བ་དང་དཀྱིལ་སྙིང་གི་བྱ་བ་གཉིས་མཉམ་དུ་ཇུས་འགོད་དང་མཉམ་དུ་བཀོད་སྒྲིག མཉམ་དུ་དཔྱད་ཞིབ་བཅས་བྱས་ཏེ། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་ནམ་ཡང་དམ་འཛིན་ལྷོད་མེད་བྱེད་དགོས་པར་མ་ཟད། ཏང་ཡོངས་ཀྱི་ཏང་ལ་དོ་དམ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་དཔྱད་བསྡུར་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་། རིམ་པ་བཞིན་དུ་དངོས་འབེབ་བྱས་ནས། བློ་གཅིག་སེམས་གཅིག་སྒོས་འཕེལ་རྒྱས་གཉེར་བ་དང་། བློ་རྩེ་གཅིག་སྒྲིམ་སྒོས་ཏང་འཛུགས་བྱ་བ་སྒྲུབ་པའི་རྣམ་པ་གསར་བ་ཆགས་པར་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག