མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ན་ནིང་ལོ་མཇུག་བར་དངུལ་ལྷག་མ་སྒོར་དུང་ཕྱུར་བཞི་ཁྲི་ལྔ་སྟོང་ཙམ་ཡོད་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-12 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུས་སྤྱི་ཚེས་10ཉིན་སྤྱི་ལོ་2013ལོའི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ངེས་རྩིས་སྙན་ཞུ་ཡོངས་བསྒྲགས་བྱས་པ་ལས་མངོན་པར། སྤྱི་ལོ་2013ལོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་35994ཡོད་པ་དེ་ན་ནིང་ལས་བརྒྱ་ཆ་15འཕར་ཡོད་པ་དང་། སྤྱིའི་འགྲོ་སོང་སྒོར་དུང་ཕྱུར་28744ཕྱིན་པ་དེ་ན་ནིང་ལས་བརྒྱ་ཆ་20འཕར་ཡོད། གཞན་ཡང་གྲོང་ཁྱེར་དང་གྲོང་བརྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ཐེབས་རྩ་དང་གྲོང་གསེབ་གསར་པའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ཐེབས་རྩས་གྲུབ་པའི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་དེ་སྤྱི་ལོ་2013ལོར་ཡོང་འབབ་སྒོར་དུང་ཕྱུར་2173ཟིན་པ་དེ་བརྒྱ་ཆ་9འཕར་ཡོད་པ་དང་། སྔོན་རྩིས་ཀྱི་བརྒྱ་ཆ་104ལེགས་གྲུབ་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག