མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་རྩོམ་རིག་སྒྱུར་རྩལ་མཉམ་འབྲེལ་ཚོགས་པའི་དང་བླངས་ཞབས་ཞུ་ཚོགས་པ་དམར་དམག་རྒྱང་སྐྱོད་ཀྱི་ཐོག་མའི་རྡོག་ཐོན་བྱེད་ས་སྐྱོད་པ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-12 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་9ཚེས་10ཉིན་དམར་དམག་རྒྱང་སྐྱོད་བྱས་ནས་ལོ་ངོ་80འཁོར་བའི་སྐབས་འདིར་ཀྲུང་གོའི་རྩོམ་རིག་སྒྱུར་རྩལ་མཉམ་འབྲེལ་ཚོགས་པའི་དང་བླངས་ཞབས་ཞུ་ཚོགས་པ་དམར་དམག་རྒྱང་སྐྱོད་ཀྱི་ཐོག་མའི་རྡོག་ཐོན་བྱེད་སའི་གྲས་ཏེ། ཅང་ཤི་ལྷོ་རྒྱུད་ཀྱི་རུའི་ཅིན་གྲོང་ཁྱེར་གྱིས་དགའ་སྐྱིད་གཞི་རིམ་དུ་སྐྱེལ་བ་ཞེས་པའི་འཁྲབ་སྟོན་བྱེད་རྒྱུ་ཚུད་པའི་རིག་རྩལ་གྱི་དང་བླངས་པའི་ཞབས་ཞུ་རབ་དང་རིམ་པ་སྤེལ་ཡོད་པ་རེད། ལོ་ངོ་80གོང་དུ་དམར་དམག་གི་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་དེ་ཅང་ཤི་ལྷོ་རྒྱུད་ཀྱི་སུའུ་ཝེ་ཨེའི་ཁུལ་ནས་འགོ་བཙུགས་ཏེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེའི་ངོ་མཚར་གཏོད་ཡོད་པ་རེད།

ཉེ་ཆར་ཉིའུ་ཇུན་དང་གཡོའི་ཧུང་། ཚུད་ཅུན་ཅེ། ཡང་ཧུང་ཅིའི་སོགས་རིག་རྩལ་ལས་དོན་པ་50ལྷག་ཙམ་རུའེ་ཅིན་གྱིས་ས་གནས་དེ་གའི་མི་དམངས་དང་མཉམ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རླབས་ཆའི་མཛད་རྗེས་ལ་དྲན་གསོ་ཞུས་པ་དང་རླབས་ཆེ་ཞིང་ནུབ་པ་མེད་པའི་རྒྱང་སྐྱོད་སྙིང་སྟོབས་ལ་བསྟོད་གླུ་ཕུལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག