མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བཟོ་ལས་དང་ཆ་འཕྲིན་ཅན་པུས་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-12 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་10པར་སླེབས་རྗེས། ཧུའུ་པེའི་ལན་ཐུང་གིས་ཧུའུ་པེའི་ཁྲོམ་རར་བཏོན་པའི་རིན་ཐང་འཕར་སྣོན་གྱི་གློག་འཕྲིན་ལས་སྒོའི་ཁེ་ལས་ལ་དཔྱད་དཔོག་ཞིབ་མཆན་འགོད་རྒྱུ་དང་། ས་ཁུལ་བརྒལ་བའི་ཁེ་ལས་ཐད་ལས་དོན་མི་སྣས་བཟོ་ལས་དང་ཆ་འཕྲིན་ཅན་པུའི་དྲ་ཚིགས་བརྒྱུད་ཞིབ་དཔྱད་བྱས་འབྲས་བལྟ་ཆོག་པ་དང་། ས་ཁུལ་བརྒལ་བའི་རིན་ཐང་འཕར་སྣོན་གྱི་གློག་འཕྲིན་ལས་སྒོའི་ཁེ་གཉེར་ཆོག་འཐུས་ལག་ཁྱེར་ཡོད་ཚེ་ཁོ་ཚོར་ཞབས་ཞུ་སྒྲུབ་ས་བཟོས་ཡོད་པ་རེད། བཟོ་ལས་དང་ཆ་འཕྲིན་ཅན་པུའི་ལྷུག་གཏོང་སྲིད་ཇུས་ཀྱི་ནུས་འབྲས་ཅུང་ཡག་པའི་ཞིབ་མཆན་འགོད་པའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས། རྨང་གཞིའི་གློག་འཕྲིན་དང་ས་ཁུལ་བརྒལ་བའི་རིན་ཐང་འཕར་སྣོན་གློག་འཕྲིན་ལས་སྒོའི་ཁེ་གཉེར་ཆོག་འཐུས་ལག་ཁྱེར་གྱི་སྙན་སེང་ཐོ་འགོད་ཞིབ་དཔྱད་བྱ་རྒྱུ་དེས་རྒྱལ་ཡོངས་ཀྱི་ཁེ་གཉེར་བ་༢༠༠༠ལྷག་ལ་ཕན་པ་སྐྲུན་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག