མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཏུའུ་ཆིང་ལིན་གྱིས་མཉམ་དུ་ཁུལ་གཅིག་དང་ལམ་གཅིག་འཛུགས་སྐྲུན་བྱ་རྒྱུའི་ལེའུ་གསར་པ་གཏོད་རྒྱུའི་ནན་བཤད་གནང་བ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-12 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ་2014ལོའི་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་གླེང་སྟེགས་སྤྱི་ཚེས་༡༠ཉིན་ཡུན་ནན་གྱི་ཁུན་མིང་དུ་འཚོགས་ཡོད་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏུའུ་ཆིང་ལིན་གླེང་སྟེགས་ལ་ཞུགས་ཡོད་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་ཁྲིད་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གཅིག་གྱུར་ཐོག་ཁུལ་གཅིག་དང་ལམ་གཅིག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད། ཏུའུ་ཆིང་ལིན་གྱིས་ཁུལ་གཅིག་དང་ལམ་གཅིག་ཅེས་པ་ནི་འཛམ་གླིང་ཐོག་མཆོངས་བརྒལ་ལམ་ཐག་རིང་ཤོས་ཀྱི་དཔལ་འབྱོར་བར་ཁྱམས་ཆེན་མོ་དང་གོང་འཕེལ་གྱི་ལྐོག་ཤུགས་ཆེ་ཤོས་ལྡན་པའི་དཔལ་འབྱོར་མཉམ་ལས་ཁུལ་ཞིག་ཡིན་པས། གནས་བབ་ཧྲིལ་པོའི་མཐོ་ཚད་དགོས་ལ། དམིགས་འབེན་གཏན་འཁེལ་བྱེད་དགོས་པ། འཐབ་ཇུས་ཀྱི་འཆར་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཏན་ཏིག་ངང་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་བཅས་བྱེད་དགོས་པ་དང་། དྲ་སྦྲེལ་དང་ཕན་ཚུན་ཤར་གཏོང་བྱ་རྒྱུར་གཞིགས་ནས། གཅིག་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་འབྲེལ་མཐུད་ཡག་པོ་ཡོང་བ་བྱེད་པ་དང་། གཉིས་ནས་སྲིད་ཇུས་དང་ཁྲིམས་ལུགས། སྒྲིག་སྲོལ། མི་ཤུགས་ཐོན་ཁུངས་གསར་སྤེལ་བཅས་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འདེགས་སྐྱོར་བྱ་རྒྱུར་མཐོང་ཆེན་བྱེད་དགོས་ལ། རིག་གནས་སྤེལ་རེས་ལ་མཐོང་ཆེན་བྱེད་དགོས་པ་བཅས་འབད་བརྩོན་ཆེན་པོས་རླབས་ཆེ་བའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་ལ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག