མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་དང་རྒྱལ་ཁབ་ཚད་གཞི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཚད་གཞི་ཁག་33ཡོངས་བསྒྲགས་བྱས་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-12 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་དང་རྒྱལ་ཁབ་ཚད་གཞི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཚད་གཞི་ཁག་33ལ་ཆོག་མཆན་སྤྲད་ནས་ཡོངས་བསྒྲགས་བྱས་ཡོད་པ་དང་། དེའི་ནང་བདེ་ཐང་བདེ་འཇགས་དང་། སྐྱེ་ཁམས་ཁོར་ཡུག དཔལ་འབྱོར་གོང་འཕེལ། སྤྱི་ཚོགས་དོ་དམ་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པ་རེད།

འགྲུལ་སྐྱེལ་རླངས་འཁོར་གྱི་རྐུབ་སྟེགས་དང་རླངས་འཁོར་གྱི་གཏན་འཇགས་ལྷུ་ལག་གི་ཤུགས་ཚད་ཅེས་པ་ལག་བསྟར་བྱ་རྒྱུ་དེས་རྐུབ་སྟེགས་ལ་ཐེངས་གཉིས་པ་རྡུང་ནས་འགྲུལ་པར་གནོད་འཚེ་བཟོ་ཚད་ཆུང་དུ་བཏང་ནས་འགྲུལ་པའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་ཐུབ་པ་བྱ་རྒྱུ་དང་། རྫས་འགྱུར་ཞིང་སྨན་གྱི་ཁོར་ཡུག་བདེ་འཇགས་ཀྱི་གདེང་འཇོག་ཚོད་ལྟའི་རྩ་དོན་ཞེས་པའི་ཚད་གཞི་རབ་དང་རིམ་པས་རང་རྒྱལ་གྱི་ཞིང་སྨན་ཁོར་ཡུག་གི་ཉེན་ཁ་དཔྱད་དཔོག་བྱ་རྒྱུ་དང་བདེ་འཇགས་དོ་དམ་གྱི་ཚན་རིག་དང་མཐུན་པའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས། འབྱུང་རྩ་ནས་ཞིང་སྨན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་བཟོས་པའི་མི་མངོན་པའི་གནོད་འཚེ་ཆུང་དུ་གཏོང་རྒྱུ། རྒྱལ་ཡོངས་ཀྱི་སྒྲིག་འཛུགས་ལས་ཁུངས་ཀྱི་ཨང་ཚབ་དང་མིང་ཞེས་པ་དང་། རྒྱལ་ཡོངས་སྒྲིག་འཛུགས་ལས་ཁུངས་ཀྱི་ཨང་ཚབ་བཀོལ་སྤྱོད་དང་མཚོན་རྟགས་ཚད་ལྡན་བཟོ་རྒྱུ་ཞེས་པ་དེས་སྒྲིག་འཛུགས་ལས་ཁུངས་ཀྱི་ཨང་ཚབ་སྲིད་དོན་དང་ཚོང་དོན། སྤྱི་ཚོགས་དོ་དམ་སོགས་ཁྱབ་ཁོངས་ནང་བཀོལ་སྤྱོད་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ནས། རང་རྒྱལ་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག