མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་ཚན་རིག་ཁང་གི་དཔལ་འབྱོར་གནས་བབ་དབྱེ་ཞིབ་དང་སྔོན་དཔག་རྣམ་གྲངས་ཚོ་ཆུང་གིས་སྤྱི་སྟོན་དུས་ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས་ཡོད་པ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-12 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཀྲུང་གོ་ཚན་རིག་ཁང་གི་དཔལ་འབྱོར་གནས་བབ་དབྱེ་ཞིབ་དང་སྔོན་དཔག་རྣམ་གྲངས་ཚོ་ཆུང་གིས་སྤྱི་ཚེས་10ཉིན་པེ་ཅིང་དུ་སྟོན་དུས་ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

སྙན་ཞུའི་ནང་། སྤྱི་ལོ་2014ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་བརྒྱ་ཆ་7༣ཙམ་འཕར་བཟོ་ཡོད་པ་དེ་ད་ལོའི་དཔྱིད་དུས་སྔོན་དཔག་བྱས་པ་ལས་བརྒྱ་ཆའི་གནས་0.1ཆག་ཡོད་པ་དང་། དཔལ་འབྱོར་གྱི་འཕར་ཚད་མུ་མཐུད་ལུགས་མཐུན་གྱི་ཁྱབ་ཁོངས་ནང་གནས་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད། སྙན་ཞུའི་ནང་། དེ་དང་དུས་མཚུངས་སྔོན་དཔག་བྱས་པར། ཀྲུང་གོའི་དཔལ་འབྱོར་སྤྱི་ལོ་2014ལོར་འཕར་ཚད་མུ་མཐུད་བརྒྱ་ཆ་7གྱི་བར་འགོར་དུ་འགྲོ་རྒྱུ་ཡིན་པ་བསྟན་ཡོད། སྙན་ཞུའི་ནང་། རྒྱལ་ནང་གི་ཐོན་ཁུངས་ཁོར་ཡུག་ལ་ཚད་བཀག་བྱེད་ཤུགས་ཆེ་རུ་བཏང་བ་དང་རྒྱལ་སྤྱིའི་དཔལ་འབྱོར་སླར་གསོ་ཡོང་ཚུལ་བརྟན་པོ་མེད་པའི་ཕྱོགས་གཉིས་ཀྱི་གནོན་ཤུགས་འོག་རང་རྒྱལ་དཔལ་འབྱོར་མངོན་མེད་ཐོག་འཕར་སྣོན་འགྲོ་བ་དང་ཟོག་གོང་འཕར་ཚུལ་འཚམ་དུ་འགྲོ་བ། ལས་ཞུགས་འཕར་མ་རྣམས་བརྟན་དུ་འགྲོ་བ། དཔལ་འབྱོར་གྲུབ་ཆ་ལེགས་སུ་འགྲོ་བ་བཅས་ཀྱི་རྒྱུན་ལྡན་གྱི་རྣམ་པ་གསར་པ་མངོན་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག