མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 11:11

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་ཉིན་གྱི་ཕྱི་དྲོར་པེར་ལིན་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་སྒོ་འབྱེད་ཁྲོད་དུ་རྒྱུན་མཐུད་སྒོས་མཉམ་ལས་བྱེད་དགོས་ཞེས་པའི་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་ཉིན་གྱི་ཕྱི་དྲོར་པེར་ལིན་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་སྒོ་འབྱེད་ཁྲོད་དུ་རྒྱུན་མཐུད་སྒོས་མཉམ་ལས་བྱེད་དགོས་ཞེས་པའི་གསུང་བཤད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཕྱི་ཕྱོགས་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན་པ་དང་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་ཀྱི་ལས་དབང་ལ་འབྲེལ་བ་ཡོད་པས། ང་ཚོས་དེ་ལག་བསྟར་བྱེད་པར་ནམ་ཡང་འགྱུར་བ་མེད། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ནི་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་ཡིན་པ་དང་དེས་རྒྱལ་ཁབ་རང་དང་འཛམ་གླིང་ཡོངས་ལ་ཕན་བདེ་སྐྲུན་ངེས་ཡིན། ཀྲུང་གོས་མུ་མཐུད་དུ་གཉིས་ཕན་མཉམ་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྒོ་འབྱེད་དང་འདྲ་མཉམ་གྱི་འཛམ་གླིང་ཡོངས་སུ་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་བར་གྱི་མཉམ་ལས་ཐད་ལ་རིམ་སྤོར་པར་གཞི་ཡོད་པ་ལས་རིམ་སྤོར་པར་གཞི་མཇུག་རྫོགས་པ་མེད། ཕྱོགས་གཉིས་ཀྱིས་གསར་སྐྲུན་མཉམ་ལས་ལ་ཤུགས་བསྣན་ན་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་འགྲོ་བར་ཆ་རྐྱེན་སྔར་ལས་བཟང་བོ་སྐྲུན་ངེས་ཡིན་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་དགོས་པ་དང་བློ་གྲོས་དང་ནུས་ཤུགས་ལ་བརྟེན་ནས་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཞིང་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་དང་ཀྲུང་གོས་གསར་སྐྲུན་གྱི་གྲོགས་པོའི་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་སུ་གཏོང་བ་དེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དང་རྒྱལ་ཁབ་རང་རང་གི་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་འདོན་ངེས་ཡིན། འཇར་མན་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཡིད་རྟོན་རུང་བའི་དངུལ་གཏོང་བྱེད་ས་ཡིན་པས། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་དངུལ་གཏོང་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག