མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེར་ལིན་ཙུང་ལི་བཞུགས་ཤག་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་སྐོར་གསུམ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་ཚོགས་འདུར་མགོ་འཛིན་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 11:11

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་ཕྱི་དྲོར་པེར་ལིན་ཙུང་ལི་བཞུགས་ཤག་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་སྐོར་གསུམ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་ཚོགས་འདུར་མགོ་འཛིན་མཛད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་ཕྱི་དྲོར་པེར་ལིན་ཙུང་ལི་བཞུགས་ཤག་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་སྐོར་གསུམ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་ཚོགས་འདུར་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་ཕྱི་དྲོར་པེར་ལིན་ཙུང་ལི་བཞུགས་ཤག་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་སྐོར་གསུམ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་ཚོགས་འདུར་མགོ་འཛིན་མཛད།

ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་པུའུ་ཀྲང་ཉེར་དྲུག་གྲོས་མོལ་ཚོགས་འདུར་ཞུགས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་རྣམ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་པུའུ་ཀྲང་གིས་རང་སོ་སོའི་ཁྱབ་ཁོངས་ཀྱིས་ཁ་གཏད་གྲོས་མོལ་གྲུབ་འབྲས་ཡར་ཞུ་བྱས་པར་ཉན་པ་མ་ཟད་སོ་སོར་གསུང་བཤད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ནི་འཛམ་གླིང་སྟེང་དུ་ཤན་ཤུགས་གལ་ཆེན་བཞག་པའི་རྒྱལ་ཁབ་རེད། ད་ལོར་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ནི་ཆུ་ཚད་མཐོ་ཞིང་མཉམ་ལས་གཉིས་ཕན་གྱི་འབྲེལ་བ་ཞིག་ཡིན་པས་མདུན་ལྗོངས་ཆེན་པོ་ལྡན་ཟེར། རེབ་འདིར་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་བྱ་སྤྱོད་རྩ་གནད་གཏན་ལ་ཕབ་པ་མ་ཟད་འགྲེམ་སྤེལ་བྱས་ཤིང་། དེའི་ནང་དོན་ཕུན་སུམ་ཚོགས་ལ། ཕྱོགས་གཉིས་ཀྱི་དུས་ཡུན་རིང་འབྲིང་གི་མཉམ་ལས་ལ་འཆར་འགོད་དང་མཛུབ་སྟོན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ཕྱོགས་གཉིས་ཀྱིས་མཉམ་དུ་དངོས་འབེབས་བྱ་བ་བཟང་བོར་སྒྲུབ་ཏེ། ཡུན་རིང་ལ་འདང་རྒྱག་དགོས་པ་དང་། མཉམ་དུ་འཕེལ་རྒྱས་ལ་ཇུས་གཞི་བཀོད་དེ། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་མཐོ་ཚད་གསར་བ་ཞིག་ཏུ་བསླེབ་པར་ཡར་སྐུལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་དང་བདེ་འཇགས་འཐབ་ཇུས་ཐད་ལ་གྲོས་མོལ་བྱས་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་བྱ་བར་ཤུགས་བསྣན་ནས། མཉམ་དུ་འཛམ་གླིང་དང་ཞི་བདེ་དར་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་གསར་སྐྲུན་གྱི་གྲོགས་པོ་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། བརྗེ་རེས་དང་ཕན་ཚུན་བར་ཉམས་མྱོང་ལེན་པ། དྲང་བདེན་སྒོ་འབྱེད་བཅས་ཀྱི་སྙིང་སྟོབས་ལྟར། གཙོ་བོ་བཟོ་ལས་དང་ཚན་རྩལ། ཞིང་ལས་དང་། སློབ་གསོ། ཁོར་ཡུག་སྲུང་སྐྱོབ། མཁར་གྲོང་ཅན་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་གསར་སྐྲུན་མཉམ་ལས་བྱ་བ་སྤེལ་ནས། མཉམ་ལས་ཀྱི་རྣམ་པ་དང་། ནང་རྐྱེན་དང་བྱེད་ཐབས་གསར་སྐྲུན་བྱེད་པ། མ་འོངས་བའི་མཉམ་ལས་ཀྱི་ཁ་ཕྱོགས་སྔར་ལས་མང་བོ་གསར་སྐྲུན་བྱས་ཏེ། ཀྲུང་གོ་དང་འཇར་མན་གྱི་དངོས་གཉེར་མཉམ་ལས་བྱ་བ་དེ་སྔར་ལས་རིམ་པ་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་ཡར་སྐུལ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་མཉམ་ལས་ལ་ཤུགས་བསྣན་ནས། ལག་རྩལ་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོར་ལག་རྩལ་མཐོན་པོའི་ཐོན་རྫས་སྔར་ལས་མང་པོ་བཙོང་དགོས་པ་དང་། ཀྲུང་གོའི་ཁེ་ལས་འཇར་མན་དུ་མ་དངུལ་གཏོང་བར་སྟབས་བདེ་བཟོ་དགོས་པའི་རེ་བ་བཏོན།

མའོ་ཁི་ཨར་གྱིས་བསྟན་དོན། ཀྲུང་གོ་ནི་འཇར་མན་གྱི་བློ་གཏོད་ཆོག་པའི་མཉམ་ལས་གྲོགས་པོ་བཟང་བོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་ཐད་ལ་བརྗེ་རེས་དང་མཉམ་ལས་ཆེན་པོ་བྱས་ནས་གྲུབ་འབྲས་བཟང་བོ་བླངས། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཉམ་ལས་ཁྱབ་ཁོངས་གསར་གཏོད་བྱས་ནས། མཉམ་ལས་ཀྱི་གཞི་རྒྱ་རྒྱ་བསྐྱེད་པ་དང་། ཕྱོགས་ཡོངས་ནས་དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། བཟོ་ལས། ཞིང་ལས། ཚན་རྩལ། དངུལ་ལོར། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། མི་གཞུང་སོགས་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་དུ་སྤེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་བྱ་བ་ཇེ་དམ་དུ་བཏང་བ། འཇར་མན་དང་ཀྲུང་གོ ཡོ་རོབ་གླིང་དབུས་མའི་འབྲེལ་བ་མུ་མཐུད་དུ་མདུན་དུ་བསྐྱོད་པའི་བྱ་བ་ཡར་སྐུལ་བྱས་ནས། མཉམ་དུ་འཛམ་གླིང་གི་ཞི་བདེ་དང་། བརྟན་འཇགས། འཕེལ་རྒྱས་བཅས་ཀྱི་བྱ་བ་སྲུང་སྐྱོང་དང་ཡར་སྐུལ་གཏོང་འདོད་ཡོད་ཟེར།

གྲོས་མོལ་མཛད་ཚར་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་རྣམ་གཉིས་ཀྱིས་མཉམ་དུ་སྲིད་གཞུང་བར་གྱི་མཉམ་ལས་ཡིག་ཆ་དང་ཚོང་ལས་གན་རྒྱར་མིང་བཀོད། རེབ་འདིའི་འཚམས་འདྲིའི་སྐབས་སུ། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་ཕན་ཚུན་དངུལ་གཏོང་དང་དེ་མིན་ལག་རྩལ་མཉམ་ལས་ཐད་ལ་ཨ་མེ་རི་ཀའི་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཅིག་གི་གྲོས་མཐུན་བཀོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག