མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 10:55

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་པེར་ལིན་ནས་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་པེར་ལིན་ནས་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱས་པ་དང་མཉམ་ལས་ཀྱི་ཁྱབ་ཁོངས་དེ་སྔར་བྱུང་མ་མྱོང་བའི་ཆུ་ཚད་དུ་བསླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་དུ་དུས་ཡུན་རིང་འབྲིང་གི་མཉམ་ལས་འཆར་འགོད་འགོད་པ་དང་། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། ཕན་ཚུན་ལ་བཟོད་སྒོམ་བྱེད་པ་བཅས་ལ་དམིགས་ཏེ། ཕ་རོལ་བར་ལྟ་ཚུལ་ཡང་དག་འཛིན་ཞིང་ཕ་རོལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། འཐབ་ཇུས་ཡིད་ཆེས་ཇེ་བརྟེན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས་ཀྲུང་གོ་དང་འཇར་མན་བར་གྱི་མཛའ་བཤེས་རྨང་གཞི་སྲ་བརྟན་དུ་གཏོང་བར་མ་ཟད། རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་དང་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ལ་སྔར་ལས་མཛེས་སྡུག་ལྡན་པའི་མདུན་ལྗོངས་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཀའོ་ཁི་ཡིས་བཤད་རྒྱུར། དེང་སྐབས་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བརྩོན་ལེན་བྱེད་ཀྱིན་ཡོད། བདག་གིས་རྒྱལ་ཁབ་གཉིས་ཀྱི་སྐོར་ཐེངས་གསར་བའི་སྲིད་གཞུང་གི་གྲོས་མོལ་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་གསར་སྐྲུན་དང་བཅས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་སྣ་ཚོགས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་ཀྱིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་འཛིན་ཞིང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཆམ་མཐུན་མཉམ་གནས་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག