མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་ཞི་ཨན་ནས་མགོ་འཛིན་མཛད་དེ་ས་ཁུལ་གཅིག་དང་ལམ་རྒྱུད་གཅིག་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 10:55

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་ཉིན་ཞི་ཨན་ནས་མགོ་འཛིན་མཛད་དེ་ས་ཁུལ་གཅིག་དང་ལམ་རྒྱུད་གཅིག་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་ཉིན་ཞི་ཨན་ནས་མགོ་འཛིན་མཛད་དེ་ས་ཁུལ་གཅིག་དང་ལམ་རྒྱུད་གཅིག་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཧྲན་ཞི་དང་ཞིན་ཅང་། ཧྥུའུ་ཅན་སོགས་དང་ས་ཁུལ་གཅིག་དང་ལམ་རྒྱུད་གཅིག་ལ་འབྲེལ་བ་ཡོད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁ་ཤས་ཀྱི་འགན་འཁུར་བའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་བྱས་ཏེ། ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ལ། ས་ཁུལ་གཅིག་དང་ལམ་རྒྱུད་གཅིག་གྱི་ཐབས་ཇུས་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་ཧུར་ཐག་སྒོས་ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ས་ཁུལ་གཅིག་དང་ལམ་རྒྱུད་གཅིག་གི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་སྐབས། ཐོག་མར་བསམ་བློ་གཅིག་གྱུར་བྱེད་པ་དང་རིམ་མཐོའི་ཇུས་འགོད་བྱ་བ་བཟང་བོར་བསྒྲུབ་དགོས་ལ། ཚན་རིག་དང་མཐུན་པར་འཆར་འགོད་གཏན་འཁེལ་བྱེད་པ་དང་ཁ་ཕྱོགས་གཙོ་བོ་གཏན་འཁེལ་གསལ་བོ་བྱས་ནས། ནུས་པ་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱེད་དགོས། ལོ་གཅིག་གི་རིང་ལ། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ས་ཁུལ་གཅིག་དང་ལམ་རྒྱུད་གཅིག་གི་འཛུགས་སྐྲུན་ཕྱོགས་སུ་བྱ་བ་གང་མང་བསྒྲུབས། ཅུང་བཟང་བའི་ཁྱད་སྟོབས་ལ་སྔར་ལས་རྐང་འཛུགས་ན། ཀྲུང་དབྱང་གི་འཐབ་ཇུས་འཆར་འགོད་དང་ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་ཏེ། ལག་བསྟར་གྲོས་གཞི་དང་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བཟང་བོ་བྱེད་པ་ལས་ཆུ་ཚད་དམའ་བའི་འགྲན་རྩོད་གཏན་ནས་བྱེད་མི་རུང་། གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་ན། མཉམ་ལས་ཀྱི་ནང་རྐྱེན་ལ་བརྟེན་ནས་ས་ཁུལ་གཅིག་དང་ལམ་རྒྱུད་གཅིག་གི་འཛུགས་སྐྲུན་གྱི་ཡར་སྐུལ་ནུས་པ་ཇེ་ཆེར་གཏོང་དགོས། གོ་སྐབས་བཟང་བོ་དམ་འཛིན་བྱེད་ན་ཐག་ཉེ་རིང་ཟུང་འབྲེལ་བྱས་ཏེ། དཔལ་འབྱོར་གྱི་འཕར་ས་གསར་བ་གསོ་སྐྱོང་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག