མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་གྲོས་ཚོགས་སྐོང་འཚོགས་བྱེད་རིང་། ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་གཞན་ནས་ཡོང་བའི་ཟོག་འདྲེན་རླངས་འཁོར་ཉིན་ཧྲིལ་པོ་པེ་ཅིང་གྲོང་ཁུལ་དུ་འཛུལ་མི་ཆོག་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-11 10:54

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐེང་གིས་སྤྱི་ཚེས9ཉིན་གྱི་མཚན་མོ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་གྲོས་ཚོགས་སྐོང་འཚོགས་བྱེད་རིང་། ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་ས་གནས་གཞན་ནས་ཡོང་བའི་འཕྲུལ་སྒུལ་རླངས་འཁོར་ལ་གནས་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་བྱ་ཐབས་བཟུང་རྒྱུ་ཡིན་པ་རེད། སྤྱི་ཟླ11པའི་ཚེས3ནས་ཚེས12ཉིན་བར། ཞིང་ལྗོངས་དང་གྲོང་ཁྱེར་བཅས་ཀྱི་ཟོག་འདྲེན་རླངས་འཁོར་དང་འཁོར་གསུམ་འཕྲུལ་འཁོར་སོགས་འཕྲུལ་སྒུལ་རླངས་འཁོར་ཁག་ཅིག་ཉིན་ཧྲིལ་པོ་པེ་ཅིང་གྲོང་ཁུལ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་གྲོས་ཚོགས་སྐོང་འཚོགས་བྱེད་སའི་ཧོའེ་རོའི་གྲོང་ཁུལ་དུ་འཛུལ་ཆོག་གི་མེད་པ་རེད།

པེ་ཅིན་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་བརྡ་ཁྱབ་ནང་། སྤྱི་ཟླ11པའི་ཚེས3ནས་ཚེས12ཉིན་བར། ཤར་གཏོང་གཞུང་ལམ་གྱི་རླངས་འཁོར་དང་སྦྲགས་སྲིད་ཆེད་སྤྱོད་ཟོག་འདྲེན་རླངས་འཁོར། དེ་བཞིན་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་སྡེ་ཁག་གིས་ཆོག་མཆན་ཐོབ་པའི་རླངས་འཁོར། གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཟིན་ཐོར་བཀོད་པའི་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་གི་རླངས་འཁོར་ཕུད། མྱུར་ཚད་དལ་བའི་ཟོག་འདྲེན་རླངས་འཁོར་དང་འཁོར་གསུམ་རླངས་འཁོར། འདྲུད་འཐེན་འཁོར་ལོ། སྦག་སྦག དེ་བཞིན་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་སྦུད་བཤངས་ཚད་གཞིར་སླེབས་མེད་པའི་འགྲུལ་པ་བླུག་ཆོག་པའི་རླངས་འཁོར་བཅས་ཉིན་ཧྲིལ་པོར་པེ་ཅིང་གྲོང་ཁུལ་གྱི་སྐོར་ལམ་དྲུག་པ་ཚུད་པའི་གཞུང་ལམ་དང་ཧོའེ་རོའི་གྲོང་ཁུལ་གྱི་གཞུང་ལམ་ཐོག་བསྐྱོད་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག