མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུལ་མིའི་གནས་སྡོད་ལག་འཁྱེར་གྱི་དོ་དམ་བྱ་ཐབས་ཞེས་པ་སོགས་རྣམ་པ་གསར་པའི་གྲོང་བརྡལ་ཅན་གྱི་ཆ་སྦྱོར་སྲིད་ཇུས་འདོན་གྲབས་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-11 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས8ཉིན་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཀྲི་ཤིན་གྱིས། ཡུལ་མིའི་གནས་སྡོད་ལག་འཁྱེར་གྱི་དོ་དམ་བྱ་ཐབས་ཞེས་པ་དང་གྲོང་ཁྱེར་དང་གྲོང་བརྡལ་གྱི་སྡོད་ཁང་འགན་སྲུང་སྲོལ་ཡིག་ཞེས་པ། ཞིང་པ་ལས་མིའི་ལས་དོན་སྔར་བས་ཡག་པ་སྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ཞེས་པ། གྲོང་ཁྱེར་གྱི་གཞི་ཁྱོན་ཁག་དབྱེའི་ཚད་གཞི་ལེགས་སྒྲིག་གི་ཇུས་གཞི་ཞེས་པ་སོགས་རྣམ་པ་གསར་པའི་གྲོང་བརྡལ་ཅན་ལ་སྐུལ་འདེད་གཏོང་བའི་ཆ་སྦྱོར་སྲིད་ཇུས་འདོན་གྲབས་ཡོད་ཅེས་ཟུར་གསལ་བྱས་ཡོད། ཀྲུའུ་ཀྲི་ཤིན་གྱིས་ཉིན་དེ་གར་འཚོགས་པའི་རྣམ་པ་གསར་པའི་གྲོང་བརྡལ་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་པུའུ་དང་པུའུ་བར་གྱི་མཉམ་ཞུགས་གྲོས་ཚོགས་ཐེངས་དང་པོའི་ཐོག གོམ་སྟབས་རྗེས་མར། གོང་འཕེལ་དང་བསྒྱུར་བཅོས་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱས་ཏེ་ཞིང་ལྗོངས་ལས་འགལ་བའི་གྲོང་ཁྱེར་གྱི་འཆར་འགོད་བཟོ་རྒྱུ་དང་། གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཟླ་བ་ལྔ་པར། ལས་དོན་དེ་སྤེལ་བ་དང་། མིག་སྔར་འབྲི་ཆུའི་ཟུར་གསུམ་ཁུལ་དང་ཁྲེན་ཏུའུ་ནས་ཁྲུང་ཆིང་བར། ཧའར་པིན་དང་ཁྲང་ཁྲུན་སོགས་གྲོང་ཁྱེར་མང་པོའི་འཆར་འགོད་ཀྱི་ས་གནས་བང་རིམ་གྱི་དུས་བཀག་གོང་མའི་ཞིབ་འཇུག་གཞི་རྩའི་ཆ་ནས་ལེགས་གྲུབ་ཐུབ་པ་དང་། རིགས་གཅིག་མཁས་པའི་བང་རིམ་གྱི་དུས་བཀག་གོང་མའི་ཞིབ་འཇུག་ལས་དོན་སྤེལ་བཞིན་ཡོད་པ། གོམ་སྟབས་རྗེས་མར། གྲོང་ཁྱེར་མང་པོའི་གོང་འཕེལ་དམིགས་འབེན་དང་གསར་སྤེལ་ཁ་ཕྱོགས། གྲོང་ཁྱེར་མང་པོའི་ནང་གི་གྲོང་ཁྱེར་གྱི་ནུས་པ་གཏན་འཁེལ། གལ་ཆེའི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག དེ་བཞིན་མཐུན་སྦྱོར་གོང་འཕེལ་གྱི་སྒྲིག་གཞི་དང་ལམ་ལུགས་སོགས་ཁ་གསལ་བཟོས་ཏེ། དུས་སང་ལོ་མཇུག་གོང་ལེགས་གྲུབ་ཐུབ་རྒྱུ་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་འབུལ་ཐུབ་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག