མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨང་རྟགསB2485ཡིན་པའི་ཀྲུང་གོའི་པོ་དབྱིན747-8ཅན་གྱི་རྒྱང་སྦྲེལ་འགྲུལ་སྐྱེལ་གནམ་གྲུ་ཆེ་ཤོས་དང་པོ་དེ་སྤྱི་ཚེས9ཉིན་པེ་ཅིན་དུ་གསར་དུ་བསྟན་ཡོད་པ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-11 10:54

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨང་རྟགསB2485ཡིན་པའི་ཀྲུང་གོའི་པོ་དབྱིན747-8ཅན་གྱི་རྒྱང་སྦྲེལ་འགྲུལ་སྐྱེལ་གནམ་གྲུ་ཆེ་ཤོས་དང་པོ་དེ་སྤྱི་ཚེས9ཉིན་པེ་ཅིན་དུ་གསར་དུ་བསྟན་ཡོད་པ་རེད། གནམ་གྲུ་འདི་ནི་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་ཡིས་པོ་དབྱིན་ཀུང་སི་ནས་ནང་འདྲེན་བྱས་པ་ཡིན་ལ། ཀྲུང་གོའི་རྒྱལ་སྤྱི་མཁའ་འགྲུལ་ཀུང་སི་ཡང་ཨེ་ཤ་ཡ་རུ་ཆེས་གསར་ཤོས་ཀྱི747-8ཅན་གྱི་གླིང་ཆེན་བརྒལ་བའི་འགྲུལ་སྐྱེལ་གནམ་གྲུ་སྤྱོད་པའི་མཁའ་འགྲུལ་ཀུང་སི་དང་པོར་གྱུར་ཡོད་པ་དང་། པོ་དབྱིན747-8ཅན་ནི་པོ་དབྱིན747ཅན་གྱི་འཕྲུལ་འཁོར་གྱི་བཟོ་དབྱིབས་གསར་ཤོས་ཀྱི་ཐོན་རྫས་དེ་རེད། གནམ་གྲུའི་སྤྱིའི་རིང་ཚད་ལ་སྨི74དང་གྲངས་ཆུང4ཡིན་ལ། འགྲུལ་པ467ཙམ་སྐྱེལ་བསུ་བྱེད་ཐུབ་ཅིང་། ཐེངས་རེར་མཁའ་འགྲུལ་བྱེད་པའི་ལམ་ཐག་ནི་ཕལ་ཆེར་སྤྱི་ལེ་ཆིག་ཁྲི་བཞི་སྟོང་བརྒྱད་བརྒྱ་བཅོ་ལྔ་ཙམ་འཕུར་ཐུབ་པ་རེད། ཀྲུང་གོའི་རྒྱལ་སྤྱི་མཁའ་འགྲུལ་ཀུང་སིའི་སྤྱི་འདོམས་སུང་ཀྲིང་ཡུང་གིས། 2015ལོའི་ལོ་འཇུག་བར། ཀྲུང་གོའི་རྒྱལ་སྤྱི་མཁའ་འགྲུལ་ཀུང་སི་ནས་ཁྱོན་པོ་དབྱིན747-8ཅན་གྱི་འགྲུལ་སྐྱེལ་གནམ་གྲུ7ཙམ་སྔ་ཕྱིར་དུ་ནང་འདྲེན་བྱེད་རྩིས་ཡོད་ཅེས་བཤད་ཡོད། པོ་དབྱིན747ཅན་ནི་འཛམ་གླིང་ཐོག་རྒྱ་མཚོ་ཆེན་པོ་བརྒལ་ནས་འཕུར་ཐུབ་པའི་རྒྱང་སྦྲེལ་འགྲུལ་སྐྱེལ་གནམ་གྲུ་ཆེན་པོ་དང་པོ་དེ་ཡིན་ལ། 2014ལོའི་ཟླ6པའི་བར། ཀྲུང་གོའི་རྒྱལ་སྤྱི་མཁའ་འགྲུལ་ཀུང་སི་ནང་པོ་དབྱིན་དང་མཁའ་ཐོག་གི་འགྲུལ་འཁོར་ཅེས་གནམ་གྲུའི་རྟགས་ཅན་ཆེན་པོ་གཉིས་ཡིན་པའི་གནམ་གྲུ512ཙམ་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག