མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-11 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཟླ10པའི་ཚེས8ཉིན་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ལ་ཕྱོགས་ཁག་གི་དོ་ཁུར་ཆེན་པོ་དང་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་པ་དང་། གསུང་བཤད་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་དབྱེ་ཞིབ་དང་གསལ་འགྲེལ་བྱེད་པའི་མཐོ་རླབས་ཤིག་འཕྱུར་ཡོད་པ་རེད།

བློ་མཐུན་མང་པོ་ཞིག་གིས། སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་ལྔའི་ཐད་ནས་སློབ་གསོ་ལག་ལེན་བྱེད་སྒོར་ཐོབ་པའི་གལ་ཆེའི་གྲུབ་འབྲས་ཕྱོགས་བསྡུས་གནང་ཡོད་ཅིང་། འཁྲུལ་ནོར་ཅི་ཡང་མེད་པར་ཧ་ཅང་གནད་ལ་འཕིགས་པ་ཞིག་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།

ཅང་ཞི་ཉིང་ཏུའུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཧྥེའི་དང་། ཧྲན་ཏུང་ཕིང་ཏུག་གྲོང་ཁྱེར་ལན་གའོ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལུའུ་ཧྥ་ཝུན་སོགས་ཏང་ཡོན་ལས་བྱེད་པ་ཁག་ཅིག་གིས། ལོ་གཅིག་ལྷག་གི་རིང་། ཡིག་ཆ་དང་ཚོགས་འདུ་ཉུང་དུ་ཕྱིན་པ་དང་། གཞུང་དངུལ་བཏང་ནས་ལག་རྟགས་སྤྲོད་པ་དང་། གཞུང་དངུལ་བཏང་ནས་བཟའ་འཐུང་བྱེད་པ། རྒྱས་སྤྲོས་འཕྲོ་བརླག་བཏང་བ་བཅས་དངོས་གནས་ཉུང་དུ་ཕྱིན་ཡོད་པ། ཚད་གཞི་བརྒལ་བའི་རླངས་འཁོར་དང་གཞུང་ལས་ཁང་ཆེན་པོ། གཟུགས་བརྙན་ལས་གཞི་བཅས་བཅོས་སྒྲིག་བྱས་པ་སོགས་འགྱུར་བ་སྣ་ཚོགས་ཏེ་རང་དང་ཉེ་རྒྱང་གང་ཡིན་དང་ཆེ་ཆུང་གང་ཡིན་ཡང་ཚང་མའི་ནང་ནས་ཏང་དང་སྲིད་གཞུང་གི་སྤྱོད་ཚུལ་འགྱུར་ལྡོག་ལ་མྱོང་རོལ་ཐུབ་ཡོད་ཅེས་གསུངས་ཡོད་པ་རེད།

ལན་གའོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཤིན་ཅུན་སོགས་བློ་མཐུན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་དཔོན་གནས་བཟུང་ནས་དཔོན་པོའི་ལས་ཀ་མི་བྱེད་པར་རྡུང་རྡེག་ནན་པོ་བཏང་ཡོད། ལྷག་པར་དུ་དཔོན་པོ་བྱས་ནས་ཕྱུག་པོ་ཆགས་རྒྱུའི་བསམ་བློ་གཏོང་མི་ཉན་པ་ནི་ཐ་ཚིག་ནན་པོ་གཏོང་བ་ཞིག་ཡིན་ཞིང་། ཏང་གི་ལས་བྱེད་པས་ཕྱུག་པོ་ཆགས་བསམ་པ་དང་ལོངས་སྤྱོད་བྱེད་བསམ་ན་དེ་ནི་ལས་ཀར་འགྲོ་ས་ནོར་བ་ཞིག་ཡིན་པའི་ནན་བཤད་གནང་ཡོད་པ་རེད། ཅང་སུའུ་སུའུ་ཆན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝེ་གོ་ཆང་དང་། ཧུའུ་ནན་གྲང་ཏེ་གྲོང་ཁྱེར་ཧྲི་པན་ཐན་གྲོང་བརྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུང་ཁོ་ཧྲེང་སོགས་བློ་མཐུན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་གལ་ཏེ་རང་རེའི་ཏང་ཉམས་པ་དང་ཐོར་པ། མེད་པ་ཆགས་ཚེ་སྲིད་ཕྱོགས་ཀྱི་གྲུབ་འབྲས་ལ་དོན་སྙིང་གང་ཞིག་ཡོད་ཅེས་གསུངས་སྐབས། སེམས་ནང་ཞེད་སྣང་ཞིག་བྱུང་། ང་ཚོས་ཏང་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་བྱས་རྗེས་ཆེ་ཤོས་ལ་རྩིས་ནས་དོ་དོ་ནན་ནན་གྱིས་དོ་དམ་བྱེད་དགོས་པ་དང་། ཏན་ཏན་ཏིག་ཏིག་གིས་ནན་དུ་གཏོང་བ་ལས་འགན་འཁྲི་མེད་པ་ཆགས་མི་ཉན་ཞེས་གསུངས་ཡོད་པ་རེད།

ཏང་ནན་པོས་སྐྱོང་རྒྱུ་དེ་དུས་ཐུང་གི་ལས་ཀ་ཞིག་མ་ཡིན་པར། དེ་ནི་དུས་ཡུན་རིང་པོའི་ལས་དོན་ཞིག་ཡིན། རྫོང་དང་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་མང་པོ་ཞིག་གིས། ཀྲུང་དབྱང་གིས་སྤྱོད་ཚུལ་ངན་པ་བཞིའི་གནད་དོན་ཐག་གཅོད་བྱེད་པའི་ནང་ནུས་འབྲས་དངོས་ཐོབ་ཡོད། ད་ལྟ་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་ནང་སླར་ཡང་བརྡ་འཕྲིན་ཁ་གསལ་བཏང་ཡོད་དེ། བྱེད་སྒོ་སྤེལ་མཚམས་བཞག་པ་ནི་སྤྱོད་ཚུལ་འཛུགས་སྐྱོང་མཇུག་སྒྲིལ་བ་རྩ་བ་ནས་མིན་པའི་ནན་བཤད་གནང་ཡོད། ཚང་མས་མགྲིན་གཅིག་ཏུ། ནན་ཏན་ངང་གསུངས་པ་དང་ནན་པོ་བྱ་རྒྱུ་དམིགས་སར་འབྱོར་བ་རྒྱུན་འཁྱོངས་བྱས་ཚེ་གཟུགས་བརྙན་གསར་པ་འཛུགས་ཐུབ་ལ་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཡང་ཐོབ་ངེས་ཡིན་ཞེས་གསུངས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག