མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཨུ་རུ་སུའི་ཤར་ལམ་གྱི་རང་བྱུང་རླངས་གི་སྦུག་ལམ་དེ་ནི་ཞིང་ཆེན་དགུ་བརྒྱུད་ཡོད་པ་དང་། རེ་རེ་བཞིན་དུམ་མཚམས་བགོས་ནས་འཛུགས་སྐྲུན་བྱེད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-11 10:54

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཚེས8ཉིན་ཀྲུང་གོ་རྡོ་སྣུམ་རང་བྱུང་རླངས་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོ་དང་ཨུ་རུ་སུའི་ཤར་ལམ་གྱི་རང་བྱུང་རླངས་གི་སྦུག་ལམ་རྣམ་གྲངས་ནི་མིག་སྔར་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལམ་ཐིག་ཇུས་འགོད་ཀྱི་གནད་དོན་ནང་ཆོག་མཆན་ཐོབ་ཡོད་པ་དང་། དེ་ནི་བྱང་མཚམས་དང་བར་མཚམས། ལྷོ་མཚམས་བཅས་དབྱེས་ནས་རེ་རེ་བཞིན་ཞིབ་བཤེར་དང་ཆོག་མཆན་སྤྲད་ནས་འཛུགས་སྐྲུན་བྱེད་རྒྱུ་རེད། ཐོག་མའི་འཆར་འགོད་ལ་གཞིགས་ན། ཀྲུང་གོ་དང་ཨུ་རུ་སུའི་ཤར་ལམ་གྱི་རང་བྱུང་རླངས་གི་སྦུག་ལམ་ནི་ཧེ་ལུང་ཅང་ཧེ་ཧོ་གྲོང་ཁྱེར་ནས་འགོ་ཚུགས་ཏེ། ལམ་བར་དུ་ཧེ་ལུང་ཅང་དང་། ཅི་ལིན། ནང་སོག ལིའོ་ནིན། ཧོ་པེ། ཐན་ཅིན། ཧྲན་ཏུང་། ཅང་སུའུ། ཧྲང་ཧའེ་བཅས་ཞིང་ལྗོངས་༩བརྒྱུད་ནས། མཐར་ཧྲང་ཧའེ་གྲོང་ཁྱེར་དུ་སླེབས་རྒྱུ་ཡིན་པ་རེད། རྣམ་གྲངས་འཛུགས་སྐྲུན་གྱི་དུས་ཡུན་དེ་ལུགས་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་ཆེད། དེ་ནི་བྱང་མཚམས་ཏེ། ཧེ་ལུང་ཅང་ཧེ་ཧོ་ནས་ཁྲང་ལིན་གྱི་ཅི་ལིན་གཞུང་ཐིག་དང་ཁྲང་ལིན། དེ་ནས་ཁྲང་ཁྲུན་གྱི་ཡན་ལག་བར་དང་། བར་མཚམས་ཏེ་ཅི་ལིན་ཁྲང་ལིན་ནས་ཧོ་པེ་ཡོང་ཆིན་བར། ལྷོ་མཚམས་ཏེ་ཧོ་པེ་ཡོང་ཆིན་ནས་ཧྲང་ཧའེ་བར་དུམ་མཚམས་གསུམ་ལ་བགོས་ནས། རེ་རེར་ཞིབ་བཤེར་དང་ཆོག་མཆན་གནང་ནས་འཛུགས་སྐྲུན་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག