མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱི་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-10 10:42

ཟླ་བཅུ་བའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱི་གྲོས་ཚོགས་བསྡུས་ནས། གོ་རིམ་རྗེས་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱི་གྲོས་ཚོགས་བསྡུས་ནས། གོ་རིམ་རྗེས་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་བཀོད་སྒྲིག་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་མགོ་བརྩམས་མ་ཐག་ལིས་ཁི་ཆང་གིས་གསུངས་རྒྱུར། དེ་རིང་སྔ་དྲོར་ཀྲུང་དབྱང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་བསྡོམས་ཚོགས་ཆེན་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཉམས་མྱོང་དང་གྲུབ་འབྲས་སྤྱི་བསྡོམས་བྱས་པར་མ་ཟད། གནས་བབ་གསར་བའི་འོག་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས་པའི་རེ་བ་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སོ་སོས་ཀྲུང་དབྱང་གི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། མང་ཚོགས་ལམ་ཕྱོགས་ལག་ལེན་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། སྲིད་གཞུང་བྱ་བ་དང་ཟུང་འབྲེལ་དམ་པོ་བྱས་ནས། ཀུན་སྤྱོད་འཛུགས་སྐྲུན་བྱ་བ་དམ་འཛིན་ལྷོད་མེད་བྱས་ཏེ། སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་དེ་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པའི་སྟོབས་ཤུགས་གསར་བ་ཞིག་ཏུ་བསྒྱུར་ནས། མི་དམངས་མང་ཚོགས་རྣམས་ལ་བཅོས་བསྒྱུར་འཕེལ་རྒྱས་ཁྲོད་ནས་ཕན་འབྲས་སྔར་ལས་མང་པོ་ཐོབ་ཏུ་འཇུག་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ན། བྱེད་ཐབས་དྲུག་ལག་བསྟར་བྱེད་དགོས། གཅིག་ནི་སྲིད་བསྡུ་དབང་གཏོང་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་དགོས། ཕན་ཡོད་དུས་ཚོད་སྤྱད་དེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཀྱི་རིན་གོང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནི་མང་ཚོགས་ཀྱི་དགོས་མཁོ་ལ་དམིགས་ཏེ། ད་ལོར་ཆུ་བེད་དང་ཁོར་ཡུར་སྲུང་སྐྱོབ། ཆ་འཕྲིན་དྲ་རྒྱ་སོགས་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་སྐོར་ཞིག་ཡང་བསྐྱར་ལག་བསྟར་བྱེད་མགོ་རྩོམ་དགོས། གསུམ་ནི་འཛད་སྤྱོད་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྡོད་དམངས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བ། འཛད་སྤྱོད་ཀྱི་དགོས་མཁོ་རྒྱ་བསྐྱེད་དགོས། བཞི་ནི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་བརྟེན་ནས་གྲུབ་ཚུལ་ལེགས་སྒྲིག་བྱེད་དགོས། ལྔ་ནི་ནོར་སྲིད་དང་དངུལ་ལོར་སྲིད་ཇུས་སྔར་ལས་བཀོལ་སྤྱོད་བཟང་བོ་བྱེད་དགོས། དྲུག སྒོ་འབྱེད་རྒྱ་བསྐྱེད་པ་དང་ཕྱི་ཕྱོགས་ཁེ་ལས་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་བསྐྲུན་པའི་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་གཏན་ཁེལ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བྱེད་ཐབས་གཏན་འཁེལ་དང་ཕན་འབྲས་བརྩོན་ལེན་བྱས་ནས། ད་ལོའི་ལས་འགན་ཡོངས་འགྲུབ་བྱེད་པ་དང་མཉམ་དུ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་གཞི་བཟང་བོར་འགོད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག