མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་རྒྱལ་སྤྱིའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞ་ལན· པཱ་ལོ་ཡིས་ཁྲིད་པའི་རྒྱལ་སྤྱིའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-10 10:34

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རྒྱལ་སྤྱིའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞ་ལན· པཱ་ལོ་ཡིས་ཁྲིད་པའི་རྒྱལ་སྤྱིའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རྒྱལ་སྤྱིའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞ་ལན· པཱ་ལོ་ཡིས་ཁྲིད་པའི་རྒྱལ་སྤྱིའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ལིག་ཡུན་ཧྲན་གྱིས་གསུང་རྒྱུར། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་རྒྱལ་སྤྱིའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་མོལ་བརྗེ་རེས་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་གྲོས་མོལ་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། འགྲོ་འོང་གི་ཚད་ཇེ་མང་དུ་སོང་། བློ་གཅིག་སེམས་གཅིག་སྒོས་བཟོ་བ་གྲལ་རིམ་ལ་བརྟེན་པ་ནི་ང་ཚོའི་འགྱུར་མེད་ཀྱི་ཁ་ཕྱོགས་ཡིན་ཞིང་། ཀྲུང་གོ་ཏང་དང་སྲིད་གཞུང་གིས་ནམ་ཡིན་ཡང་ངལ་རྩོལ་གཟི་བརྗིད་ལྡན་ཞིང་། བཟོ་བ་རླབས་ཆེ་བ་དེ་དར་སྤེལ་བྱས་ནས། བཟོ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་པ་དང་། ཀྲུང་གོ་བཟོ་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་བྱ་བར་ཡར་སྐུལ་བྱས་པ། ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་ཐད་ལ་བྱས་རྗེས་གལ་ཆེན་བཞག སྤྱིའི་བཟོ་ཚོགས་དང་རྒྱལ་སྤྱིའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་ལས་བརྗེ་རེས་མཉམ་ལས་བྱ་བར་ཤུགས་བསྣན་ནས། མཉམ་དུ་ངལ་རྩོལ་མཁན་གྱི་ཁེ་དབང་བྱ་བ་མངོན་འགྱུར་བྱེད་པར་འབད་པ་བྱེད་དགོས་པའི་རེ་བ་བཏོན།

རྒྱལ་སྤྱིའི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞ་ལན· པཱ་ལོ་ཡིས་ཀྲུང་གོས་ལོ་ངོ་རེ་ལྔའི་རིང་ལ་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡར་སྐུལ་བཏང་བ་དང་། ངལ་རྩོལ་མཁན་གྱི་ཁེ་དབང་སྲུང་སྐྱོང་ཐད་བླངས་བའི་གྲུབ་འབྲས་ཆེན་མོར་གཟེངས་བསྟོད་བྱས། ཀྲུང་གོའི་བཟོ་ཚོགས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དང་རྒྱལ་ཁབ་ཉི་ཤུའི་མཐོ་རིམ་གྲོས་ཚོགས་ཀྱི་སྒྲོམ་གཞིའི་ཁྲོད་ཀྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག