མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་འཁོར་རེ་ལྔ་ལོན་པའི་རྒྱལ་སྟོན་དུས་ཆེན་གྱི་རོལ་མོའི་དགོང་ཚོགས“མཛེས་སྡུག་གི་ཀྲུང་གོ་དང་གཟི་བརྗིད་ཀྱི་ཕུགས་འདུན”ཞེས་པ་དེ་པེ་ཅིན་ནས་བསྡུས།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-02 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་རོལ་མོའི་དགོང་ཚོགས“མཛེས་སྡུག་གི་ཀྲུང་གོ་དང་གཟི་བརྗིད་ཀྱི་ཕུགས་འདུན”ཞེས་པ་དེ་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་པེ་ཅིན་ནས་བསྡུས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏེ་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་དང་མཉམ་དུ་རོལ་མོའི་དགོང་ཚོགས་ལ་བལྟས།

རྒྱལ་སྟོན་དུས་ཆེན་གྱི་སྔོན་དག་དག་ལ། མི་དམངས་ཚོགས་ཁང་ཆེན་མོའི་ནང་དགའ་སྐྱིད་དང་རྟེན་འབྲེལ་གྱི་རྣམ་པས་ཁེངས་འདུག ཉིན་དེའི་དགོང་མོའི་དུས་ཚོད་བདུན་དང་སྐར་མ་ང་ལྔའི་སྟེང་ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རོལ་མོའི་དགོང་ཚོགས་ཀྱི་ཡུལ་དངོས་སུ་ཕེབས་ཏེ། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས།

«མེས་རྒྱལ་གྱི་འབོད་སྐུལ»ཞེས་པའི་རོལ་དབྱངས་ཁྲོད་རོལ་མོའི་དགོང་ཚོགས་ཀྱི་མགོ་བརྩམས།

མཱ་ཁེ་དང་ཝང་ཧུའུ་ཉིན། ལིག་ཡན་ཏུང་། ལིག་ཆི་པའོ། ཀྲའོ་ལི་ཅི། ལིས་ཀྲན་ཧྲུའུ། ཧན་ཀྲིན་སོགས་རོལ་མོའི་དགོང་ཚོགས་ལ་ཞུགས།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ལས་གནས་སྟེང་མར་བབས་པའི་བློ་མཐུན་རྒན་པ་ཅང་ཙེ་མེན་དང་ལིས་ཕུན། བུའུ་པང་གོ ལིས་ལན་ཆིན། ཙིན་ཆིན་ཧུང་། ཧི་གོ་ཆང་སོགས་རོལ་མོའི་དགོང་ཚོགས་སུ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག