མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས2014ལོའི་ཀྲུང་གོའི་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་མཇལ་འཕྲད་གནང་།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-02 10:29

李克强会见2014年度中国政府“友谊奖”获奖外国专家.jpg

ཟླ་དགུ་བའི་ཚེས་སུམ་ཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་2014ལོའི་ཀྲུང་གོའི་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཁོ་ཚོའི་ཁྱིམ་མིར་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་2014ལོའི་ཀྲུང་གོའི་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཁོ་ཚོའི་ཁྱིམ་མིར་མཇལ་འཕྲད་གནང་།

    ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཟང་བོ་བཞག་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོར་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་རྒྱལ་སྤྱིའི་མཛའ་མི་དང་ཁོ་ཚོའི་ཁྱིམ་མི་ཡོངས་ལ་སྙིང་ཉེ་བའི་ངང་འཚམས་འདྲི་ཞུས།

    ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་ཁོ་ཚོའི་ཁྱིམ་མིར་ཞབས་ཕྱི་དང་འགན་སྲུང་གི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་ལ། ཚང་མས་འཛམ་གླིང་གི་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་། ཕུལ་བྱུང་རིག་གནས་ཀྱི་གྲུབ་འབྲས་ཀྲུང་གོར་སྐྱེལ་བ་དང་། དོན་དངོས་ཀྱི་ཀྲུང་གོ་ཕྱོགས་ཡོངས་ནས་འཛམ་གླིང་ལ་ངོ་སྤྲོད་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་འབྲེལ་འདྲིས་སྔར་ལས་བཟང་བོ་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

    བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པས་ལིས་ཁི་ཆང་གིས་མཇལ་འཕྲད་གནང་བ་དང་ཀྲུང་གོ་སྲིད་གཞུང་གིས་བྱ་དགའ་གནང་བར་བཀའ་དྲིན་ཞུས་པར་མ་ཟད། སྔར་ལྟར་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་ཇུས་གཞི་འདོན་པ་དང་སྟོབས་ཤུགས་འབུལ་རྒྱུའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག