མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་གཅིག་གི་གཞུང་ཚབ་ཆེན་མོར་མཇལ་འཕྲད་གནང་།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-02 10:29

333.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་གཅིག་གི་གཞུང་ཚབ་ཆེན་མོར་མཇལ་འཕྲད་གནང་།

444.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་གཅིག་གི་གཞུང་ཚབ་ཆེན་མོར་མཇལ་འཕྲད་གནང་། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་ལྔ་ལོན་པའི་སྐབས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་གཅིག་གི་གཞུང་ཚབ་ཆེན་མོར་མཇལ་འཕྲད་གནང་།

    ལིས་ཁི་ཆང་གིས་གཞུང་ཚབ་ཆེན་མོ་རྣམས་ཀྲུང་གོར་ཡོང་ནས་བྱ་བ་སྒྲུབ་པར་དགའ་བསུ་ཞུས་པ་དང་། ཁོ་ཚོ་དང་མཉམ་དུ་ཕྱག་འཇུ་གནང་བ་མ་ཟད་གསུང་གླེང་མཛད་དེ། ཁོ་ཚོས་ཀྲུང་གོ་ནས་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བའི་གནས་ཚུལ་ལ་ཞིབ་འདྲི་གནང་ཞིང་། ཁོ་ཚོ་བརྒྱུད་ནས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་སྨོན་འདུན་ཞུ་བཞིན་ཡོད་པ་བརྒྱུད་སྒྲོག་གནང་རོགས་ཞུས།

    ལིས་ཁི་ཆང་གིས་གསུང་རྒྱུར། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་ལྔ་ལོན་པའི་ལོ་ཡིན་ཞིང་། ཀྲུང་གོ་མི་དམངས་ཀྱིས་རྒྱལ་སྟོན་དུས་ཆེན་རོལ་བར་རྒྱུན་སྲོལ་ཞིག་ཆགས་ཡོད་པ་ནི་ལོ་འཁོར་ལྔ་དང་བཅུ་འཁོར་བར་ལྷག་ཏུ་གཟབ་རྒྱས་ཀྱིས་རྟེན་འབྲེལ་ཞུ་པ་དང་། དེང་སྐབས། ཀྲུང་གོས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་བཞིན་པ་དང་། སྔར་ལས་སྒོ་འབྱེད་བྱ་བ་རྒྱ་བསྐྱེད་དུ་སྤེལ་བཞིན་པའི་སྒང་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་ཚོང་ར་ཆེན་མོ་བསྐྲུན། ང་ཚོ་བློ་བརྟན་འགྱུར་མེད་སྒོས་ཞི་བདེ་བགྲོད་ལམ་དུ་འགྲོ་རྒྱུ་ཡིན་ལ། ནམ་ཡང་རྒྱལ་སྤྱིའི་མ་ལག་ཁྲོད་ཞུགས་མཁན་དང་། འཛུགས་སྐྲུན་མཁན། བྱས་རྗེས་འབུལ་མཁན་ཞིག་བྱས་ཏེ། ཁྱིམ་མཚེས་མཛའ་མཐུན་ཡོང་བ་དང་འཛམ་གླིང་ཞི་བདེ་བརྟན་འཇགས་ཡོང་བའི་བྱ་བ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱུ་ཡིན་ལ། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་གཉིས་ཕན་མཉམ་ལས་བྱ་བར་ཤུགས་སྣོན་པ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་བྱ་བ་མངོན་འགྱུར་བྱེད་འདོད་ཡོད་ཟེར། ཀྲུང་གོར་སྡོད་པའི་གཞུང་ཚབ་པ་རྣམས་ཀྱིས་མུ་མཐུད་དུ་ཕན་ཚུན་བར་རྒྱུས་ལོན་དང་མཛའ་བཤེས་འབྲེལ་བ་ཇེ་ཟབ་དུ་བཏང་ནས། རྒྱལ་ཁབ་སོ་སོ་དང་མཉམ་དུ་ཀྲུང་གོའི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་ཡར་སྐུལ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག