མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་བསྡུས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-02 10:29

111.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་ལྔ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་དང་། ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུང་ཧྲན། ཝང་ཆི་ཧྲན། ཀྲང་གོ་ལེ་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་ཕྱི་ནང་གི་མི་སྣ་སྟོང་གསུམ་ལྷག་དང་ལྷན་དུ་འཛོམས་ནས་མཉམ་དུ་དུས་ཆེན་ལ་རོལ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་ལྔ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་དང་། ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུང་ཧྲན། ཝང་ཆི་ཧྲན། ཀྲང་གོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་ཕྱི་ནང་གི་མི་སྣ་སྟོང་གསུམ་ལྷག་དང་ལྷན་དུ་འཛོམས་ནས་མཉམ་དུ་དུས་ཆེན་ལ་རོལ།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་གི་ཚབ་བྱས་ཏེ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་། གུང་ཁྲན་ཏང་ཡོན་ཡོངས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཀོད་འདོམས་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ་དང་རྒྱ་ཆེའི་ཕྱི་སྡོད་རང་མི་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཀྲུང་གོ་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་མཛའ་མཐུན་རྒྱལ་ཁབ་དང་རྒྱལ་སྤྱིའི་མཛའ་གྲོགས་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

    ཞི་ཅིན་ཕེན་གྱིས་བསྟན་དོན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་ཡོངས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཁག་སོ་སོའི་བར་མཉམ་ལས་དམ་པོར་ཤུགས་བསྣན་ནས། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་བ་ཟབ་མོ་སྲུང་འཛིན་བྱེད་དགོས། ང་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་མོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ལ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་དམ་པོར་ཤུགས་སྣོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ལག་ལེན་བྱེད་པ་དང་། མཉམ་དུ་བསམ་བློའི་འདུ་ཤེས་མི་རིགས་འདོད་བློར་གཅིག་བསྡུས་བྱེད་པར་ཤུགས་བསྣན་ཏེ། ཀྲུང་གོའི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་གོའི་སྟོབས་ཤུགས་དར་སྤེལ་བྱེད་པ་དང་། ཀྲུང་ཧྭའི་བུ་བུ་མོ་ཡོངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ལས་དོན་གསར་བ་གསར་སྐྲུན་བྱེད་པར་སྐུལ་སློང་བྱེད་དགོས་གསུངས།

    ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་། མི་གྲངས་དུང་ཕྱུར་ལྷག་གི་ཀྲུང་གོ་མི་དམངས་རྒྱལ་ཁབ་དང་སྤྱི་ཚོགས། མི་བུ་རང་ཉིད་ཀྱི་ལས་དབང་ཐག་གཅོད་པའི་བདག་པོར་གྱུར་ཞིང་། བློ་སྤོབས་ཆེན་པོས་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་ལྡན་པའི་བགྲོད་ལམ་དུ་བསྐྱོད་མངོན་འགྱུར་བྱེད་མགོ་བརྩམས། ལོ་ངོ་རེ་ལྔའི་ནང་དུ། ཀྲུང་གོ་དམངས་གཙོ་རིང་ལུགས་གསར་བ་ནས་སྤྱི་ཚོགས་རིང་ལུགས་སུ་བསྐྱོད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གསར་གཏོད་བྱས་ནས། སྤྱི་ཚོགས་རིང་ལུགས་ཞེས་མིའི་རིགས་སྤྱི་ཚོགས་ཀྱི་མཛེས་སྡུག་གི་ཕུགས་སེམས་དེ་གནའ་བོའི་ཀྲུང་གོའི་ས་གཞིའི་སྟེང་ཚེ་སྲོག་གི་སྟོབས་ཤུགས་ལྡན་པའི་བགྲོད་ལམ་ཞིག་དང་ལམ་ལུགས་ཀྱི་མ་ལག་ལྡན་པ་ཞིག་ཏུ་གྲུབ། ཀྲུང་གོའི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་ཐོད་རྒལ་བྱུང་ཞིང་། མི་དམངས་ཀྱི་འཚོ་བ་དབུལ་ཕོངས་ནས་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་པ་དང་། དེ་ནས་སྤྱི་ཁོག་འབྱོར་འབྲིང་དུ་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་མངོན་འགྱུར་བྱུང་། ཀྲུང་གོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ཤིང་། དྲང་བཞག་དར་སྤེལ་དང་། དྲང་བདེན་རྒྱུན་འཁྱོངས་བྱས་ཏེ། ནམ་ཡང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཕྱོགས་སུ་ལངས་ནས། ལག་ལེན་དངོས་ཀྱིས་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱས་ཟེར།

    ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། མ་འོངས་བར་ཁ་ཕྱོགས་ནས་ང་ཚོས་ངེས་པར་དུ་མི་དམངས་དང་མཉམ་དུ་གནས་པ། མི་དམངས་ཀྱི་ཆེད་དུ་ལས་སྒྲུབ་གསར་སྐྲུན་བྱེད་པ། མི་དམངས་ལ་བརྟེན་ནས་ལས་སྒྲུབ་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ནས། ནམ་ཡིན་ཡང་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་བཟང་བོ་དང་། སྲུང་སྐྱོང་བཟང་བོ། འཕེལ་རྒྱས་བཟང་བོ་བྱེད་པའི་བྱ་བ་དེ་བྱ་བའི་མགོ་ཚུགས་ས་དང་རྐང་འཛུགས་སར་བརྩི་དགོས་པ་དང་། ང་ཚོས་ངེས་པར་དུ་རང་གི་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་ཡིད་ཆེས་དང་། རིགས་གཞུང་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་པ་དང་། ང་ཚོས་ངེས་པར་དུ་འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན་པ་རྒྱུན་འཁྱོངས་དམ་འཛིན་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བའི་འབྱོར་ཕྱུག སྐྱེ་ཁམས་བཟང་བོའི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་གཏོད་བྱས་ནས། མི་དམངས་ཡོངས་མཉམ་དུ་འབྱོར་ཕྱུག་དུ་བསྐྱོད་པའི་ལས་དོན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་དགོས་ཤིང་། ང་ཚོས་ངེས་པར་དུ་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱས་ནས། ལོ་རྒྱུས་མདུན་སྐྱོད་ཀྱི་རེ་བ་ལྟར། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་། ཀྲུང་གོ་ནམ་ཡིན་ཡང་དུས་རབས་ཀྱི་སྔོན་དུ་བསྐྱོད་པར་ཡར་སྐུལ་བྱེད་དགོས་པ་དང་། ང་ཚོས་ངེས་པར་དུ་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ནས། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་དགོས་པ་དང་། རྒྱལ་སྤྱིའི་དྲང་བདེན་དྲང་བཞག་ལས་དོན་སྲུང་སྐྱོང་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས་ཟེར།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྣེ་ལེན་ཚོགས་འདུར་མགོ་འཛིན་མཛད། མཱ་ཁེ་དང་། ཝང་ཧུའུ་ཉིན། ལིག་ཡན་ཏུང་། ལིག་ཆི་པོ་སོགས་སྣེ་ལེན་ཚོགས་འདུར་ཞུགས། 

    ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གོ་གནས་ལས་མར་བབས་པའི་བློ་མཐུན་རྒན་པ་ཅང་ཙེ་མེན་དང་། ཧུའུ་ཅིན་ཐའོ། ལིས་ཕིན། ཀྲུའུ་རོང་ཅི། ལིས་རོས་དཔོན། ཝུའུ་པང་གོ ཝུན་ཅ་པོ། ཅ་ཆིན་ལིན། སུང་ཕེན། ལིས་ལན་ཆིན། ཙིན་ཆིན་ཧོང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ལོ་ཀན། ཧི་གོ་ཆང་སོགས་སྣེ་ལེན་ཚོགས་འདུར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག