མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་གལ་ཆེའི་སྲིད་ཇུས་བཀོད་སྒྲིག་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་བསྟན་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-01 10:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་9པའི་ཚེས་30ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཏང་ཙུའུ་ཡི་ཧྲུའུ་ཅི་ཝང་ཀྲེང་ཝེས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་གཙོ་སྐྱོང་གནང་ནས། ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་རྒྱུད་བསྒྲགས་གནང་བ་དང་། ལས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་བཀོད་སྒྲིག་གནང་། གྲོས་ཚོགས་ཐོག ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་མི་རིགས་ལས་དོན་གྱི་ལས་འགན་ཨང་དང་པོ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁྲི་ཨང་དང་པོར་བརྩིས་ནས། མགྱོགས་མྱུར་ངང་རྒྱལ་ཡོངས་དང་ལྷག་པར་དུ་མི་རིགས་ལས་དོན་གྱི་འཐབ་ཕྱོགས་ཐོག་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་རླབས་ཤིག་འཕྱུར་བ་བྱ་རྒྱུ་དང་། ཧུར་བརྩོན་ཆེན་པོས་ལས་དོན་དམ་འཛིན་དང་། དོན་འཁྱོལ་བྱ་རྒྱུར་དམ་འཛིན། ནུས་འབྲས་ཐོན་རྒྱུར་དམ་འཛིན་བཅས་བྱས་ཏེ་ཀྲུང་དབྱང་གི་གལ་ཆེའི་བཀོད་ཇུས་བཀོད་སྒྲིག་རྣམས་མགྱོགས་མྱུར་ངང་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཕན་འབྲས་དངོས་ལ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གྲོས་ཚོགས་ཐོག་ཁག་བགོས་འཆར་འགོད་དང་རིམ་དབྱེ་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་སྲིད་ཇུས་དང་བཀོད་སྒྲིག ཇུས་ཐག་གལ་ཆེན་བཅས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ། ལས་འགན་ཁག་བགོས་ལས་དོན་དམ་འཛིན་གང་ལེགས་བྱས་ཏེ་ཧུར་བརྩོན་ཆེན་པོས་བསམ་འཆར་དང་གྲོས་འགོ་བཏོན་ཐོག ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་དང་འབད་བརྩོན་ཆེན་པོས་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

གྲོས་ཚོགས་ཐོག་མིག་སྔར་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་པ་དང་མི་རིགས་ས་ཁུལ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གོམས་སྟབས་མགྱོགས་སུ་བཏང་ཐོག མི་རིགས་བྱ་དོན་བཅོས་སྐྱོང་དེ་ཁྲིམས་སྐྱོང་ཅན་གྱི་ལམ་བུའི་ཐོག་ཏུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ། འགན་ནུས་སྤོ་བསྒྱུར་དང་སྒྲིག་གཞི་འཐུས་ཚང་། དཔུང་ཁག་འཛུགས་སྐྱོང་བཅས་ཇེ་མགྱོགས་སུ་བཏང་ནས། གནད་ལ་འཕིགས་པའི་བསམ་པའི་ཐོག་ནས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་དང་མི་རིགས་ལས་དོན་དེ་བས་ལེགས་པར་བསྒྲུབ་སྟེ་ཀྲུང་དབྱང་གི་མངག་བཅོལ་ཆེན་པོ་དང་རེ་བ་ཆུད་ཟོས་སུ་གཏོང་མི་ཉན་ཞེས་ནན་བཤད་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག