མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཧྭ་གསར་འགྱུར་ཁང་གིས་འགོ་བརྗོད་དུ་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཁྲོད་དུ་གཟི་བརྗིད་གསར་པ་གཏོད་དགོས་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་བ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-01 10:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་9པའི་ཚེས་30ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཁྲོད་དུ་གཟི་བརྗིད་གསར་པ་གཏོད་དགོས་ཞེས་པ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་ཞེས་པ་སྤེལ་ཡོད་པ་རེད།

དཔྱད་གཏམ་པས་ལོ་ངོ་65གོང་ཁྲག་དང་མེ་ཡི་འཇིག་པ་ལྟ་བུ་བརྒྱུད་མྱོང་བ་དང་ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་དེ་དམར་མདང་རྒྱས་པའི་ཞོག་པའི་ཉི་གཞོན་ཞིག་དང་འདྲ་བར་འཛམ་གླིང་གི་ཤར་ཕྱོགས་སུ་འཕག་ཡོད་པ་རེད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་ནི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་འགོ་བརྩམས་ས་ཡིན་ལ་ལོ་ངོ་65དྲག་ཆར་རླུང་འཚུབ་ཀྱི་ཁྲོད་དུ་འབད་ཐབས་བྱེད་པའི་དམིགས་ཡུལ་ཡང་ཡིན། འཚོལ་ཞིབ་བྱེད་པའི་ཁྲོད་དུ་ཕམ་ཉེས་དང་ཕྱིར་དྲན་ཡོད་ལ་དེ་བས་སློབ་གསོ་མང་པོ་ཞིག་དང་ལེན་བྱས་རྗེས་ཀྱི་གསར་གཏོད་ཀྱང་ཡོད། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཐད་ལ་ཕྱོགས་གཉིས་མི་དམངས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གང་ལེགས་བྱས་ཡོད་པ་དང་། དེང་རབས་ཀྲུང་གོའི་ལས་དབང་གཏན་ལ་འཁེལ་བའི་འགག་རྩའི་བདམ་ཀ་ཡིན་པས་བསྒྱུར་བཅོས་སྒོ་འབྱེད་ཀྱི་ཁྲད་དུ་ཀུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་། མི་དམངས་ཀྱི་འདོད་བློ་དང་འཚམ་པ། འཛམ་གླིང་འཕེལ་ཕྱོགས་དང་མཐུན་པ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་ཞིག་གི་ཐོག་ཏུ་བསྐྱོད་ཡོད་ཅེས་དང་།

དཔྱད་གཏམ་པས་ལོ་རྒྱུས་ཀྱི་བང་རིམ་མང་པོ་ཞིག་བརྒལ་ནས་དུས་རབས་ཀྱི་ཆེས་མཐོ་སར་བསྡད་དེ་སྤྱི་མཐུན་རྒྱལ་ཁབ་ཀྱི་རླབས་ཆེ་བའི་གོང་འཕེལ་གྱི་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ཡོད་པ་དང་། ཀྲུང་གོའི་ས་གཞི་ཆེན་མོའི་སྐྱོ་མདངས་ཀྱི་ཉམས་སྣང་ནས་གསོན་ཤུགས་ཀྱི་དཔལ་དང་ལྡན་པའི་བར་དང་། དཔལ་འབྱོར་སྤྱི་འབོར་རྗེས་སུ་ལུད་བསྡད་པ་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་བར། མི་དམངས་འཚོ་བ་ཧ་ཅང་ཞན་པོ་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་བར་ང་ཚོས་དུས་ཐུང་ལོ་བཅུ་གྲངས་བརྒྱུད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་བརྒྱུད་དགོས་པའི་གོང་འཕེལ་གྱི་འཕེལ་རིམ་བསྐྱོད་ཡོད་པ་དང་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་བསྐྱར་ལོག་བྱས་ཡོད་ཅེས་བཤད་ཡོད་པ་རེད།

ལམ་བུས་ལས་དབང་ལ་གཏན་འཁེལ་བྱེད་པ་དང་འབད་ཐབས་ཕུགས་འདུན་དུ་གྱུར་ཡོད། དེའི་ལན་ནི་ཀྲུང་གོའི་མི་དམངས་ཀྱི་དཀའ་སྡུག་ཚད་མེད་མྱང་ནས་བགྲོད་ལམ་གཏོད་པ་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ངོ་65རིང་རྒྱུན་ཆད་མེད་པར་འབད་ཐབས་བྱས་པའི་ཁྲོད་ལས་རྙེད་ཐུབ། དུས་རབས་ཉི་ཤུ་པར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་རྒྱལ་ཁབ་ཐོབ་པའི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ནས་དུས་རབས་ཉེར་གཅིག་པར་དེ་བས་རླབས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་རྒྱུར་ང་ཚོར་ཡིད་ཆེས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག