མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཅི་ལིན་ལེའུ་ཧེ་རྫོང་གིས་གྲོང་སྡེའི་ཁུལ་ཡུལ་མིའི་བདེ་སྐྱིད་མཁར་རྫོང་ལྟ་བུར་སྐྲུན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-30 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པ་ཅི་ལིན་ཞིང་ཆེན་ལེའུ་ཧེ་རྫོང་ལ་བཅར་འདྲིར་བསྐྱོད་སྐབས་རྣམ་པ་གསར་པ་ཞིག་མཐོང་རྒྱུ་ཡོད་པ་སྟེ། གྲོང་སྡེའི་ཁུལ་གྱི་ཡུལ་མིའི་བྱེད་སྒོ་སྤེལ་ས་ཚང་མ་གསར་ཞིང་རྒྱ་ཆེ་བ་ཡོད་པ་དང་། འོན་ཀྱང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གཞུང་ལས་ཁང་སྔར་བཞིན་རྙིང་ཞིང་ཚང་ཁ་ཚ་བའི་ཐོག་བརྩེགས་གསུམ་ཅན་གྱི་ཁང་པ་ཆུང་ཆུང་དེ་ཡིན་པ་རེད།

རྫོང་དེའི་གྲོང་སྡེ་ཁུལ་དོ་དམ་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ལན་ཚའེ་ཡིས། སྤྱི་ལོ2010ལོའི་ལོ་མཇུག་ནས་བཟུང་། ལེའུ་ཧེ་རྫོང་གིས་རིམ་བརྩིས་བྱས་ན་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་སྡེ་ཁུལ་འཛུགས་སྐྲུན་ཐད་བཏང་ཞིང་། གསར་འཛུགས་དང་བསྐྱར་འཛུགས། ལེགས་སྒྲིག་སོགས་ཀྱི་ཐབས་ལམ་བརྒྱུད། རྫོང་དེ་ཡོངས་ཀྱི་སྡེ་ཁུལ13ཀྱི་ཁང་ས་བེད་སྤྱོད་ཀྱི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ1000ཡན་ཟིན་ཏེ། སྡེ་ཁུལ་ཁག་གི་ཞབས་ཞུའི་སྒྲིག་ཆས་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་ཅེས་བསྟན་ཡོད་པ་རེད།

སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ1560ཡོད་པའི་འབབ་ཚུགས་མདུན་གྱི་སྡེ་ཁུལ1560ཟིན་པ་དང་། ནུས་པའི་ཁུལ་བཅུ་གཅིག་ནང་ཡུལ་མིའི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ཁྱབ་ཡོད་པ་སྟེ། ཡངས་ཤིང་རྒྱ་ཆེ་བའི་ཞབས་ཞུའི་ཚོམས་ཆེན་ནང་། ཏང་འཛུགས་དང་ཁྲིམས་ལུགས། ངལ་རྩོལ། དམངས་སྲིད་སོགས་ཞབས་ཞུའི་སྒེའུ་ཁུང་ཆ་ཚང་པོ་ཡོད་པས། ཡུལ་མིས་ས་ཚུགས་གཅིག་ལྟ་བུའི་ཞབས་ཞུའི་སྟབས་བདེ་ལོངས་སྤྱོད་བྱས་ཆོག་གི་ཡོད་པ་རེད། དཔེ་དེབ་ལྟ་ཀློག་ཁང་ནང་། ཡུལ་མིས་རིན་པ་སྤྲོད་མི་དགོས་པར་ཀློག་ཀླད10དང་དཔེ་དེབ3000ལྷག་བེད་སྤྱོད་བྱེད་ཆོག ནུས་པ་མང་བའི་བྱེད་སྒོའི་ཁང་ནང་། རིག་རྩལ་དཔུང་ཁག་བརྒྱད་ཀྱིས་གཅིག་མཇུག་གཉིས་མཐུད་ཀྱིས་འཁྲབ་སྟོན་བྱེད་ཀྱི་ཡོད། ཡུལ་མིའི་ལས་ཞུགས་ཞབས་ཞུའི་ས་ཚིགས་ཀྱི་ཁྱིམ་ཚང་སྐྱོང་ཚུལ་གྱི་གསོ་སྦྱོང་སློབ་གྲྭའི་ནང་། ཡུལ་མི་༣༦གིས་ལས་གནས་གསར་པའི་ཐོག་བསྐྱོད་རྒྱུའི་ཤེས་བྱ་སློབ་སྦྱོང་བྱས་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག