མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༦༥འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱང་མཚན་ཚོགས་པེ་ཅིན་དུ་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-30 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ65འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱང་མཚན་ཚོགས་མཛེས་སྡུག་ལྡན་པའི་ཀྲུང་གོ། གཟི་བརྗིད་ཀྱི་ཕུགས་འདུན་ཞེས་པ་དེ་སྤྱི་ཚེས29ཉིན་གྱི་དགོང་མོ་པེ་ཅིན་དུ་སྐོང་འཚོགས་བྱས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཇི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་རྒྱལ་སའི་ལས་རིགས་ཁག་གི་མི་སྣ་དང་མཉམ་འཛོམས་བྱས་ཏེ་ཐུན་མོང་ཐོག་རོལ་དབྱང་མཚན་ཚོགས་ལ་གཟིགས་གནང་ཡོད་པ་རེད།

ལོ་ངོ65དུས་གནས་འགྱུར་ལྡོག་ཆེ་ཞིང་མྱུར་བ་དང་ལོ་ངོ65དཔྱིད་ཀྱི་མེ་ཏོག་སྟོན་གྱི་འབྲས་བུ་ཐོག མེས་རྒྱལ་གྱི་འབོད་སྐུལ་ཞེས་པའི་གླུ་དབྱང་གི་དབྱང་རྟའི་ཁྲོད་དུ་རོལ་དབྱང་མཚན་ཚོགས་འགོ་ཚུགས་པ་རེད། འཁྲབ་སྟོན་དེ་མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པ་དང་གཟི་བརྗིད་ལྡན་པའི་ལམ་བུ་ཞེས་པ། དཔྱིད་ཀྱི་ཚ་རླབས་འཕྱུར་བའི་དབྱང་རྟ་ཞེས་པ། ཕུགས་འདུན་གྱི་རྗེས་སུ་སྙེགས་པ་ཞེས་པ་ཁག་བཞིར་དབྱེ་བ་དང་མི་སེམས་ལ་སྐུལ་སློང་བྱེད་པ་དང་དཔའ་ཉམས་ཆེར་བསྐྱེད་ཀྱི་ཕྱུག་ཡོད་པ་རེད། འཁྲབ་སྟོན་ནང་བཞུགས་པའི་རིག་རྩལ་ལས་དོན་པས་གླུ་དབྱང་གི་སྐུལ་སློང་དང་ཕུལ་འདུན་གྱི་མཉམ་སྒྲོག་ཐོག་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྐལ་བཟང་པོའི་ལེའུ་ཞིག་འགོ་བརྩམས་ཡོད་པ་རེད།

སྤྲོ་སྣང་དོད་པའི་རོལ་དཀྲོལ་རོལ་དབྱང་རྒྱལ་སྟོན་འགོ་ཚུགས་གླུ་གཞས་དཀྲོལ་གཏོང་དང་། བརྩེ་དུང་གི་ཡོངས་སུ་ཕྱུགས་ལ་རོལ་དབྱང་གི་མཉམ་འདེགས་བྱས་པའི་སྙན་ངག་ང་ཡི་མེས་རྒྱལ་ཞེས་པ་དགྱེར་སྟོན། མི་རིགས་ཀྱི་ཁྱད་ཆོས་ཀྱི་ཡོངས་སུ་ཕྱུགས་པའི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཞེས་པ་གཏོང་ལེན་བཅས་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མེས་རྒྱལ་ཀྱི་འཁྲུངས་སྐར་ལ་སྨོན་བཟང་སྒྲོན་པ་དང་རླབས་ཆེན་མེས་རྒྱལ་ལ་བསྟོད་གླུ་བླངས་ཞིང་། བློ་སེམས་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུའི་ལྷག་བསམ་གྱི་བརྩེ་དུང་མཚོན་པར་བྱས་ཡོད། མཉམ་གཞས་རྨ་ཆུ་སྲུང་སྐྱོབ་ཅེས་པ་དང་མི་དམངས་བཅིངས་འགྲོལ་དམག་གིས་ནན་ཅིང་བཟུང་བ་ཞེས་པ། ང་ཚོ་ལམ་ཆེན་ཐོག་བསྐྱོད་ཅེས་པ། གསར་བརྗེ་བ་ནི་ནམ་ཡང་གཞོན་ནུ་ཡིན་ཞེས་པ་བཅས་ཀྱིས་གསར་བརྗེའི་མེས་པོ་རྣམས་དང་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ཞུས་པ་དང་མི་སེམས་ལ་ཡར་སྐུལ་དང་སྙིང་སྟོབས་གཅིག་ཏུ་སྡུད་པ་མཚོན་པར་བྱས་ཡོད། པེ་ཅིན་གྱི་འཕྲིན་བཟང་མཐའ་མཚམས་སུ་ཁྱབ་ཞེས་པ་དང་ཀྲུང་གོའི་ས་གཞི་ཆེན་མོའི་ཐོག་ཅེས་པ། རེ་བས་ཁེངས་པའི་ས་ཞིང་ཞེས་པ། འབྲི་ཆུའི་བསྟོད་གླུ་ཞེས་པ་བཅས་ཀྱི་སྙན་འཇེབས་ལྡན་པའི་དབྱང་རྟ་དང་བརྗིད་ཉམས་ཆེ་བའི་དཔའ་སྟོབས་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བསྒྱུར་བཅོས་ཀྱི་ཚ་རླབས་ཁྲོད་དུ་མཐུན་སྒྲིལ་ཡར་ཐོན་ཡོང་བར་བསྔག་སྐུལ་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག