མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-29 10:43

ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་སྣེ་ལེན་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་སྣེ་ལེན་ཚོགས་འདུ་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ། ཁོང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་པ་དང་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཚབ་མཛད་དེ་ཀྲུང་གོའི་བཅོས་བསྒྱུར་འཛུགས་སྐྲུན་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པ་དང་དེའི་ཁྲོད་ཞུགས་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་རྒྱལ་སྤྱིའི་མཛའ་མི་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་ལྔ་ལོན་པ་དང་ཁྱད་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་སུམ་ཅུ་ལོན་པའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་སྟོབས་དང་ལྡན་པའི་མགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་དཀའ་སྤྱད་འབད་འཐབ་བྱས་ནས་འཛམ་གླིང་ཡོངས་ཀྱིས་མཐོང་ཆེན་བྱེད་བཞིན་པའི་རླབས་ཆེན་གྲུབ་འབྲས་བླངས། ཀྲུང་གོ་གསར་བའི་ལོ་ངོ་རེ་ལྔའི་རིང་གི་འཕེལ་རྒྱས་གྲུབ་འབྲས་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དུས་ཡུན་རིང་བོར་འབད་བརྩོན་ལྷོད་མེད་དང་གསར་སྐྲུན་བྱས་པའི་འབྲས་བུ་ཡིན་ལ། དེའི་ནང་ཀྲུང་གོར་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་རྒྱལ་སྤྱིའི་མཛའ་མིའི་ཕུལ་བྱུང་བྱས་རྗེས་འདུས་ཡོད་པས། ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམ་པས་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཐད་བཞག་པའི་བྱས་རྗེས་དེར་ཀྲུང་གོའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཟེར།

ལིག་ཡུན་ཧྲན་གྱིས་ཕྱི་རྒྱལ་གྱི་ཆེད་མཁས་པས་ཀྲུང་གོ་དང་ཕྱི་རྒྱལ་བར་བརྗེ་རེས་དང་མཉམ་ལས་བྱེད་པའི་དམངས་ཁྲོད་ཀྱི་གཞུང་ཚབ་ཆེན་མོ་ཞིག་བྱས་ནས། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་དེང་སྐབས་ཀྱི་ཀྲུང་གོར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཀྲུང་གོའི་མི་དམངས་བར་གྱི་མཛའ་བཤེས་ཇེ་དྲག་ཏུ་གཏོང་དགོས་པར་རེ་བ་བྱེད་བཞིན་ཡོད་ཟེར།

མཱ་ཁེ་དང་དབྱང་ཅིན། ཧྲིན་ཡོ་ཡོ། དབྱང་ཅེ་ཁྲི། ཀྲང་ཆིན་ལིས་སོགས་སྣེ་ལེན་ཚོགས་འདུར་ཞུགས།

དུས་ཡུན་རིང་བོར་ཀྲུང་གོར་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྒན་པ་དང་། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ལག་རྩལ་དང་དཔལ་འབྱོར། དོ་དམ། རིག་གནས་སློབ་གསོ་བཅས་སྐོར་གྱི་ཆེད་མཁས་པ་དང་ཁོ་ཚོའི་ལྕམ་མོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་སོགས་མི་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་སྣེ་ལེན་ཚོགས་འདུར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག