མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་དུ་རྒྱལ་ཡོངས་སུ་ཁྱོན་ཁོར་ཡུག་ཁྲིམས་འགལ་གྱོད་གཞི19289ཐག་གཅོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-25 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཚེས23ཉིན་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ། ས་གནས་ཁག་གིས་ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། རྒྱལ་ཡོངས་སུ་ཁྱོན་ཁོར་ཡུག་ཁྲིམས་འགལ་གྱོད་གཞི19289ཐག་གཅོད་བྱས་པ་དང་། ཆད་པ་བཅད་པའི་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་བཞི་དང་ས་ཡ་གསུམ་ཉིས་འབུམ་ལྔ་ཁྲི་ཆིག་སྟོང་ཟིན་ཡོད་པ་རེད། ཁོར་ཡུག་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་དང་། ཧོ་པེ། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧྥུ་ཅན། ཀོང་ཏུང་། ཧྲའན་ཞི་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྲིད་འཛིན་ཆད་པ་བཅད་པའི་གྱོད་གཞིའི་གྲངས་འབོར་ཅུང་མང་བ་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོང་ཚན་པའི་ལས་དོན་ཅུང་མངོན་གསལ་དོད་པོ་བྱུང་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོང་ཚན་པ་དང་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་ཁོར་ཡུག་སྦག་བཙོག་བཟོ་མཁན་ཉེས་བསགས་ལ་རྡུང་རྡེག་བཏང་བ་དང་། ཁྲིམས་འཛིན་འབྲེལ་མཐུད་སྒྲིག་གཞི་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད། འདི་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་རིམ་ཁག་ཁོར་ཡུག་སྲུང་སྐྱོང་ཚན་པས་རིམ་རྩིས་བྱས་ན་སྤྱི་བདེ་ལས་ཁུངས་ལ་ཁོར་ཡུག་སྦག་བཙོག་གི་དོགས་པ་ཡོད་པའི་ཉེས་བསགས་གྱོད་གཞི་861རྩིས་སྤྲོད་བྱས་ནས། ཁོར་ཡུག་སྦག་བཙོག་གི་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་ཤུགས་ཆེན་བཏང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག