མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་བེ་ཡན་ཁི་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-24 10:57

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་བེ་ཡན་ཁི་དང་གྲོས་མོལ་མཛད་པར་མ་ཟད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པར་མཉམ་དུ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་བེ་ཡན་ཁི་དང་གྲོས་མོལ་མཛད་པར་མ་ཟད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པར་མཉམ་དུ་མགོ་འཛིན་མཛད།

གྲོས་མོལ་མཛད་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། དེ་རིང་ཕྱོགས་གཉིས་ཀྱིས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་སྒྲིག་ཡིག་གསར་བར་མིང་བཀོད་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཁྲིམས་འཛུགས་ལས་ཁུངས་མཉམ་ལས་ཀྱི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་པའི་གོ་རིམ་དངོས་ཡིན་པས། ཕྱོགས་གཉིས་ཀྱིས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྔར་ལས་ཤུགས་སྣོན་པ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་གྲོས་མོལ་བྱེད་པར་ཤུགས་སྣོན་དགོས་ལ། ཕྱོགས་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་མཉམ་ལས་རྒྱ་བསྐྱེད་ཚད་སྔར་ལས་ཇེ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

མཱ་ཐི་བེ་ཡན་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་འཕེལ་རྒྱས་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་སྔར་ལས་རྒྱ་སྐྱེད་ཅིང་མཉམ་ལས་ཀྱི་རྣམ་པ་ཕུན་སུམ་ཚོགས་པར་བཏང་བ་དང་མཉམ་ལས་ཀྱི་གྲུབ་འབྲས་བཟང་བོ་ཐོབ་ཡོད། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་མིང་བཀོད་པའི་མཉམ་ལས་ཀྱི་སྒྲིག་ཡིག་གསར་བ་གོ་སྐབས་སུ་བཟུང་ནས་མཉམ་ལས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག