མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་ལྔ་བའི་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་ནས་བསྡུས།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-23 10:47

刘云山会见第五届全国杰出专业技术人才表彰大会与会代表1.jpg

ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། སྐབས་ལྔ་བའི་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་ལྔ་བའི་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་བསྟོད་ཚོགས་ཆེན་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚན་རྩལ་བྱ་བ་དང་ཤེས་ལྡན་མི་སྣའི་བྱ་བའི་སྐོར་གྱི་མཛུམ་སྟོན་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བ་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཏུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་སྣ་ཚོགས་ཀྱི་གསར་སྐྲུན་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ཏེ། ལོ་བརྒྱ་གཉིས་ཀྱི་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

    ལིག་ཡུན་ཧྲན་གྱིས་གཟེངས་བསྟོད་ཐོབ་པའི་བློ་མཐུན་གྱིས་ཏང་དང་མི་དམངས་ཀྱིས་གནང་བའི་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱས་ནས། ཡང་འབད་བསྐྱར་འབད་བྱེད་པ་དང་། མིག་དཔེ་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

    གཟེངས་བསྟོད་ཚོགས་ཆེན་སྟེང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། ཚན་རྩལ་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣ་གོ་དགུ་དང་ཆེད་ལས་ལག་རྩལ་མི་སྣའི་སྔོན་ཐོན་ཐུན་མོང་གོ་དྲུག་ལ་གཟེངས་བསྟོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག