མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་རིགས་གཞུང་བགྲོད་གླེང་ཚོགས་འདུཔེ་ཅིན་ནས་བསྡུས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-23 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་རིགས་གཞུང་བགྲོད་གླེང་ཚོགས་འདུ་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དེ་ལས། ཕྱོགས་ཡོངས་ནས་མི་དམངས་སྲིད་གྲོས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ཕྱིན་དྲན་བྱས་པ་དང་། ལོ་ངོ་རེ་ལྔའི་རིང་ལ་མི་དམངས་སྲིད་གྲོས་ཀྱི་བྱ་བའི་ཉམས་མྱོང་བཟང་བོར་སྤྱི་བསྡོམས་བྱས་ཤིང་། མི་དམངས་སྲིད་གྲོས་ཀྱི་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས་པའི་རེ་བ་གསལ་བོར་བཏོན་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་བྱེད་པའི་འཐབ་ཇུས་བསམ་བློ་གལ་ཆེན་རྒྱས་བཤད་ཟབ་མོ་བྱས་ཡོད།

དེ་ནི་ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མི་དམངས་སྲིད་གྲོས་བྱ་བར་བཏོན་པའི་ཕྱོགས་ཡོངས་དང་ཁོངས་གཏོགས་རང་བཞིན་ལྡན་པའི་རྒྱས་བཤད་གལ་ཆེན་ཐེངས་ཤིག་ཡིན་པས། རིག་གཞུང་རང་བཞིན་དང་། ལག་ལེན་རང་བཞིན། མཛུབ་སྟོན་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་བརྩི་སྲུང་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཀྱང་རེད། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་བྱེད་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དམངས་གཙོ་ཆབ་སྲིད་ལ་རྣམ་པ་ལྡན་ཞིང་ཐུན་མོང་མ་ཡིན་པའི་གླེང་གཞི་ཞིག་ཡིན་པར་ངོས་ཟིན་བྱེད་དགོས། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་དགོས་པ་དང་། གསུང་བཤད་གྱི་དགོངས་དོན་གྱིས་ལག་ལེན་མཛུབ་སྟོན་བྱས་ནས་བྱ་བ་ཡར་སྐུལ་བྱེད་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། འགན་ཁུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། གནད་དོན་གྱི་ཁ་ཕྱོགས་ལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རིགས་གཞུང་ཞིབ་འཇུག་བྱ་བར་ཤུགས་བསྣན་ནས། སྲིད་གྲོས་བྱ་བ་གཏིང་ཟབ་དུ་སྤེལ་བའི་ཆོས་ཉིད་རང་བཞིན་ངོས་ཟིན་བྱེད་དགོས་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག