མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚུའེ་ཧྲི་ཨན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྐོ་འཇོག་ཡི་གེ་དང་ལེན་བྱེད་པར་པེ་ཅིན་དུ་སོང་།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚུའེ་ཧྲི་ཨན་ཚེས་ཉེར་གཅིག་ཉིན་ལམ་ལ་ཆས་ཏེ་པེ་ཅིན་དུ་སོང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཞི་བ་ཡིན་པའི་ཆ་ནས། ཉེ་ལམ་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཚུའེ་ཧྲི་ཨན་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོར་བསྐོ་འཇོག་བྱེད་པར་ཆོག་མཆན་བཀོད། ཁོ་ཐེངས་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྐོ་འཇོག་ཡི་གེ་དང་ལེན་བྱེད་པར་སོང་།

ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གསར་འགྱུར་ཅུའུ་ཡིས་ཚེས་ཉེར་གཅིག་ཉིན་སྤེལ་བའི་གསར་འགྱུར་ལྟར་ན། ཉེ་ལམ་ཚུའེ་ཧྲི་ཨན་གྱིས་བཤད་རྒྱུར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཞི་བའི་འགན་འཁུར་རྗེས། ཁོས་ཨོ་མིན་སྲིད་འཛིན་ས་ཁུལ་སྲིད་གཞུང་སྐབས་བཞི་བའི་དཔོན་རིགས་གཙོ་བོ་འདེམ་བསྐོ་བྱེད་པའི་བྱ་བར་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག