མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་བོད་ལྗོངས་རིག་གནས་བརྗེ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མངགས་པའི་ཀྲུང་གོ་བོད་ལྗོངས་རིག་གནས་བརྗེ་རེས་ཚོགས་པས་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་བུའུ་ལན་པ་ཐོ་ལ་འཚམས་འདྲི་བྱས། འཚམས་འདྲི་བྱེད་སྐབས། འཐུས་ཚབ་ཚོགས་པས་མོང་གོལ་རྒྱལ་ཁབ་ཀྱི་ཏང་སྲིད་གཙོ་བོའི་འཐུས་མི་དང་། ཕྱི་འབྲེལ་དཔོན་པོ། སློབ་གསོ་ལས་རིགས། ཆོས་ལུགས་ལས་རིགས། གསར་འགྱུར་ལས་རིགས་བཅས་ཀྱི་མི་སྣ་དང་བརྗེ་རེས་ཟབ་མོ་བྱས། བརྗེ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ཀྱི་ལས་རིགས་ཁག་གི་མི་སྣར་ཉེ་བའི་ལོ་འགའི་རིང་ལ་བོད་ལྗོངས་ཀྱི་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། རང་རྒྱལ་གྱི་མི་རིགས་དང་ཆོས་ལུགས་སྲིད་ཇུས་བཅས་མཚམས་སྦྱོང་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག