མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཁང་གི་གྲོས་ཚོགས་བསྡུས།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:13

刘云山主持召开中央党的群众路线教育实践活动领导小组会议1.jpg

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

刘云山主持召开中央党的群众路线教育实践活动领导小组会议2.jpg

 ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སློབ་གསོ་ལག་ལེན་བྱ་འགུལ་སྤྱི་བསྡོམས་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

    ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཏང་གི་མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཚུན་ལ། ཀུན་སྤྱོད་འཛུགས་སྐྲུན་བཟང་བོ་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད། དཔོན་ཉམས་རིང་ལུགས་དང་སྐྱིད་འདོད་རིང་ལུགས། རྒྱས་སྤྲོས་ཀྱི་སྤྱོད་ངན་བཅས་ཚོད་འཛིན་བྱས་ནས། མང་ཚོགས་ལམ་ཕྱོགས་ལག་ལེན་བྱེད་པ་དང་ཏང་གི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བའི་ཡུན་རིང་ལ་ཕན་པའི་ལམ་ལུགས་ཐོག་མར་ཆགས་ཏེ། ཏང་གི་གསར་སྐྲུན་སྟོབས་ཤུགས་དང་གོང་བུ་གཅིག་སྒྲིལ་གྱི་སྟོབས་ཤུགས། འཐབ་འཛིང་སྟོབས་ཤུགས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ཡོད་ཟེར།

    ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཁྲོད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལག་ལེན་འཚོལ་ཞིབ་ཟབ་མོ་བྱེད་པར་དམིགས་ནས། བྱེད་ཐབས་དང་ཉམས་མྱོང་བཟང་བོ་མང་པོ་གསར་སྐྲུན་བྱས་པས། དེ་ནི་རྒྱུ་ནོར་རྩ་ཆེན་ལྟ་བུ་ཡིན། སློབ་གསོ་ལག་ལེན་བྱ་འགུལ་སྤྱི་བསྡོམས་བཟང་བོ་བྱེད་པའི་ཕྱོགས་གལ་ཆེན་ནི་ཕན་འབྲས་ལྡན་པའི་ཉམས་མྱོང་སྤྱི་བསྡོམས་བྱེད་རྒྱུ་དེ་ཡིན་པས། བསམ་བློའི་ངོས་འཛིན་མཐོར་འདེགས་སུ་གཏོང་བའི་ཕྱོགས་ནས་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་། དོན་དངོས་ཀྱི་གནས་དོན་ཐག་གཅོད་པའི་ཕྱོགས་ནས་ཉམས་མྱོང་སྤྱི་བསྡོམས་བྱེད་པ། མང་ཚོགས་དང་འབྲེལ་འདྲིས་སྔར་ལས་བཟང་བོ་བྱེད་པ་དང་མང་ཚོགས་ལ་ཞབས་ཕྱི་བཟང་བོ་སྒྲུབ་པའི་ཕྱོགས་ནས་ཉམས་མྱོང་སྤྱི་བསྡོམས་བཅས་བྱས་ཏེ། ཀུན་སྤྱོད་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། གནད་དོན་གསར་བ་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག