མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:13

庆祝中国人民政治协商会议成立65周年大会隆重举行1.jpg

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་།

习近平出席庆祝中国人民政治协商会议2.jpg

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། མི་དམངས་སྲིད་གྲོས་ནི་མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་རེ་བ་དང་མཐུན་པར་བྱས་ཏེ། བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱིས་རིགས་གཞུང་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན། བྱ་བའི་གསར་སྐྲུན་བཅས་ལ་སྐུལ་འདེད་གཏོང་དགོས་ལ། དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་པར་གཏོང་བ་དང་དམངས་གཙོའི་ཐབས་ལམ་རྒྱ་ཇེ་ཆེར་གཏོང་དགོས་པར་མ་ཟད། ཕན་ནུས་ལྡན་པའི་སྒོ་ནས་ཏང་ཁག་སོ་སོ་དང་ཚོགས་པ་སོ་སོ། མི་རིགས་སོ་སོ། རིམ་པ་སོ་སོ། ལས་རིགས་སོ་སོའི་མི་སྣ་རྩ་འཛུགས་བྱས་ཏེ་རྒྱལ་དོན་ལ་མཉམ་དུ་གྲོས་མོལ་བྱེད་པ་དང་རྒྱ་ཆེ་ཞིང་ཕན་ནུས་ལྡན་པའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ལིག་ཡུན་ཧྲན། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད།

    ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ཚོགས་རར་ཕེབས་པ་དང་། ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་མགོ་བརྩམས།

    ཚོགས་ཆེན་སྟེང་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། མི་དམངས་སྲིད་གྲོས་ཀྱི་ལོ་འཁོར་རེ་ལྔའི་འཕེལ་རིམ་ལ་ཕྱིར་དྲན་བྱས་ན་ང་ཚོས་སྔར་ལས་གཏིང་ཟབ་པའི་སྒོ་ནས་མི་དམངས་སྲིད་གྲོས་ཀྱི་རྩ་བ་དེ་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་འབྲེལ་ཡོད་པ་དང་། ཉེ་རབས་ཀྱི་ཀྲུང་གོའི་མི་དམངས་ཀྱི་རླབས་ཆེན་འཐབ་རྩོད་ལས་བྱུང་ཞིང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་འབར་བའི་ལག་ལེན་ལས་འཕེལ་རྒྱས་བྱུང་བར་མ་ཟད། ཀྲུང་གོའི་ཁྱད་ཆོས་གསལ་བོར་ལྡན་ལ་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་གསལ་བོར་ཤེས་ཡོད། མི་དམངས་སྲིད་གྲོས་ཀྱིས་འོད་སྟོང་འབར་བའི་ལོ་རྒྱུས་སྐྲུན་པ་དང་ཕྱིན་ཆད་ཀྱང་སྔར་ལས་འོད་སྟོང་འབར་བའི་མ་འོངས་པ་གསར་སྐྲུན་བྱེད་པར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཟེར།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མི་དམངས་སྲིད་གྲོས་ཀྱི་ལོ་འཁོར་རེ་ལྔའི་ལག་ལེན་གྱིས་རིན་ཐང་བྲལ་བའི་ཉམས་མྱོང་གང་མང་བསགས་པ་དེས་ང་ཚོས་མི་དམངས་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པར་རྩ་དོན་གལ་ཆེན་ཞིག་གཏན་འཁེལ་བྱས། མི་དམངས་སྲིད་གྲོས་བྱ་བ་བཟང་བོར་སྒྲུབ་སྐབས། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ངོ་བོ་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་ལ། ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་མུ་མཐུད་དུ་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་དང་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱིས་དམངས་གཙོ་གྲོས་མོལ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་དུ་ནུས་པ་ཆེན་པོ་འདོན་དགོས་ཟེར།

    ཞིན་ཅིན་ཕེན་གྱིས་གསུངས་རྒྱུར། དམངས་གཙོ་གྲོས་མོལ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཁྲོད་དུ་ཐུན་མོང་མ་ཡིན་པའི་དམངས་གཙོའི་རྣམ་པ་ཞིག་ཡིན་ལ། དེ་ལ་རིག་གནས་རྨང་གཞི་དང་རིགས་གཞུང་རྨང་གཞི། ལག་ལེན་རྨང་གཞི། ལམ་ལུགས་རྨང་གཞི་བཅས་བརྟན་པོ་ལྡན། སྤྱི་ཚོགས་རིང་ལུགས་དམངས་གཙོར་ཁ་ཚང་ཡིན་པའི་ལམ་ལུགས་ཀྱི་གོ་རིམ་ལྡན་དགོས་པར་མ་ཟད་དེར་ཞུགས་པའི་ལག་ལེན་ཡོད་དགོས། མི་དམངས་ནང་ཁུལ་དུ་ཕྱོགས་སོ་སོས་གྲོས་མོལ་བྱེད་པའི་གོ་རིམ་ནི་དམངས་གཙོ་དར་སྤེལ་དང་འདོད་བློ་གཅིག་མཐུན་གྱི་གོ་རིམ་ཡིན་པ་དང་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པའི་གོ་རིམ་ཡིན་ལ། མི་དམངས་ཀྱིས་རང་ཁྱིམ་རང་བདག་མངོན་འགྱུར་བྱེད་པའི་གོ་རིམ་ཡིན། དེ་ལྟར་བསྒྲུབ་ན་རྒྱལ་ཁབ་ཀྱི་བཅོས་སྐྱོང་དང་སྤྱི་ཚོགས་ཀྱི་བཅོས་སྐྱོང་ལ་རྨང་གཞི་བརྟན་པོ་ལྡན་པར་མ་ཟད་སྟོབས་ཤུགས་སྣ་ཚོགས་གཅིག་སྡུད་བྱེད་ཐུབ་ཟེར།

    ཡུས་ཀྲིན་ཧྲིན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དེ་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་ཅིང་མི་དམངས་སྲིད་གྲོས་ཀྱིས་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་ཁག་སོ་སོ་དང་ཚོགས་པ་སོ་སོ། མི་རིགས་སོ་སོ། རིམ་པ་སོ་སོ། ལས་རིགས་སོ་སོའི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བར་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་གལ་ཆེན་ཡོད། ང་ཚོས་ངེས་པར་དུ་གསུང་བཤད་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་པ་དང་དེ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཀ་གསུང་བཤད་ཀྱི་དགོངས་དོན་དང་གཅིག་གྱུར་བྱས་ཏེ། མི་དམངས་སྲིད་གྲོས་ཀྱིས་དམངས་གཙོ་གྲོས་མོལ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཡར་བསྐྱེད་སྟོབས་ཤུགས་གཅིག་སྡུད་བྱེད་པ་རྒྱུན་འཁྱོངས་བྱས་ནས། གནས་བབ་གསར་བའི་འོག་ཏུ་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག