མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་ཡོངས་ཀྱི་དྲག་ཇུས་དཔོན་གྱི་གྲོས་ཚོགས་པེ་ཅིན་དུ་སྐོང་འཚོགས་བྱས་པ།

རྩོམ་པ་པོ། མཚམས་གཅོད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-22 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཆོག་མཆན་གནང་བ་ལྟར། དམག་ཡོངས་ཀྱི་དྲག་ཇུས་དཔོན་གྱི་གྲོས་ཚོགས་སྤྱི་ཚེས་21ཉིན་པེ་ཅིན་དུ་སྐོང་འཚོགས་བྱས་ཡོད། གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི། ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་། དུས་བབ་གསར་པའི་འོག་ཏང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་ཡོང་བ་གཞིགས་ཏེ། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག དམག་སྤྱིའི་ལས་ཁུངས་འཛུགས་པའི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་དམག་སྤྱི་པུའུ་འཛུགས་སྐྱོང་བྱེད་པའི་འབྲེལ་ཡོད་ཁྲིམས་སྲོལ་གྲོས་བསྡུར་བྱེད་པ། དམག་འཐབ་བཀོད་འདོམས་འཁྲབ་སྟོན་ལ་ལྟ་བ། སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟགས་སྤྲད་པ་བཅས་བྱས་ནས། རྣམ་པ་གསར་པའི་དམག་སྤྱིའི་ལས་ཁུངས་འཛུགས་རྒྱུག་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག