མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《2014ལོ་ནས་2020ལོའི་བར་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཆར་འགོད་》ཅེས་པ་ལ་དངོས་སུ་ཆོག་མཆན་བཀོད་ཡོད་པ།

རྩོམ་པ་པོ། རྡོ་ཐར།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-22 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《༢༠༡༤ལོ་ནས་༢༠༢༠ལོའི་བར་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཆར་འགོད་》ཅེས་པ་ལ་དངོས་སུ་ཆོག་མཆན་བཀོད་ཡོད་པ་རེད།

འཆར་འགོད་ནང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་བྱེད་ཐབས་གལ་ཆེན་ཞིག་ཏུ་བཞག་ནས། གནམ་གཤིས་འགྱུར་ལྡོག་གིས་འབྲེལ་ཡོད་བྱ་བར་ཁྲིད་སྟོན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་བསྟན་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་ཆོག་མཆན་ནང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཡོངས་དང་ཐབས་ཇུས་ཀྱི་མཐོ་ཚད་ནས་གནམ་གཤིས་འགྱུར་ལྡོག་གི་བྱ་བའི་གལ་ཆེན་རང་བཞིན་དང་མྱུར་མཁོའི་རང་བཞིན་ལ་ཤེས་རྟོགས་དང་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་འཆར་འགོད་ནང་གཏན་འཁེལ་བྱས་པའི་འགན་ཁུར་སོ་སོ་སྐྱོན་བྲལ་ངང་འགྲུབ་པར་འགན་ལེན་བྱེད་དགོས་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག